ཁ་བྱང་།སྣང་ཞིག་༧རྒྱལ་ཚབ་རྒྱ་འོབས་རིན་པོ་ཆེ་སྐུ་ཞི་བར་གཤེགས་པའི་མྱ་ངན་ཞུ་བའི་ཆེད་བསྒྲིགས།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། རྗེ་བླ་མ་དྲན་ནས་མི་བ ip:118.117.164.*
སྤེལ་དུས། 2013-12-18 21:21:13
ངེས་དོན་གྱི་སྐར་ཆེན། 

དུག་ལྔའི་སྨག་རུམ་འཁྲིགས་པའི་མི་ཡུལ་གྱི་ཁམས་ལ།།
སྐྱབས་མགོན་གཤེན་རབ་མི་བོའི་སྒོ་གསུམ་གྱི་སྤྲུལ་སྐུ།།
བླ་མ་སྣང་སྟོན་ཆེན་པོའི་ཐུགས་སྲས་སུ་བཞད་པའི།།
རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་མྱ་ངན་ལས་འདས་སོང་།།

ཉེར་གཉིས་ཉི་མའི་གུང་གི་མི་རྟག་གི་མཛད་པ།།
གདུལ་བྱའི་དམར་ཆུང་སྙིང་གི་སྲོན་མེད་ཀྱི་ན་ཟུག།
ངུ་ངག་འདྲེས་མའི་དབྱངས་རྟ་མིག་ཆུ་དང་བསྡོང་ཚེ།།
རྒྱལ་ཚབ་དམ་པའི་བརྩེ་བའི་རང་འོད་དེ་འཚེར་བྱུང་།།

དགུན་གྱི་རྒྱལ་མོ་གྲང་བའི་ཕོ་བྲང་གི་དཀྱིལ་ན།།
རིག་པའི་ལྷ་མཆོག་སྨྲ་སེང་རིགས་ལྔ་ཡི་མདུན་དུ།།
མ་དག་སེམས་ཅན་གདུང་བའི་ཟུག་གཟེར་དེ་སེལ་ཕྱིར།།
བྱམས་བརྩེའི་ཆུ་ཐིགས་ཁྲོད་ཀྱི་སེར་ཆེན་དེ་བཞད་སོང་།།

བྲི་བཀོལ་མེད་པའི་བྱམས་བརྩེའི་དར་དཀར་གྱི་ཨ ལོང་།།
ཞི་བ་མྱང་འདས་ཆེན་པོའི་ཉི་ཟེར་དུ་བསྒྲོན་ཞིང་།།
རྟགས་མཚན་སྣ་དགུ་སྟོན་པའི་མཛད་བཟང་གི་འཁོར་ལོ།།
ཡང་སྤྲུལ་སྨྲ་བའི་དབང་པོར་དར་ལམ་དུ་འཐེན་སོང་།།

བསླབ་གསུམ་ཚུལ་ཁྲིམས་དག་པའི་སྐུ་གདུང་གི་མདུན་ནས།།
མི་ཕྱེད་དད་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་ཞོར།།
མགོ་བོ་ས་ལ་གཞིར་བའི་སེམས་ཅན་གྱི་ཚོགས་ལ།།
ཡང་སྤྲུལ་ཟླ་བ་དཀར་པོའི་འོད་སྣང་འདི་བྲེལ་བ།།


རིག་པའི་མེ་ལྕེ། 

 
སྤེལ་མཁན། ལྷ་བློ ip:118.117.164.*
སྤེལ་དུས། 2013-12-18 14:38:40
རྗེ་བླ་མ་ད་དུང་དྲན་དྲན་གི
དུས་གསུམ་སངས་རྒྱས་འདས་ཚུལ་སྟོན་ཞེས།། བཀའ་ལུང་རིགས་པས་གཏན྄་ལ་ཕབས་ཀྱང་།། བདག་གི་དྲིན་ཅན་རྩ་བའི་བླ་མ།། འདི་ལྟར་ཕེབས་ན་བཟོད་ཐབས་མི་འདུག། མ་དག་འཇིག་རྟེན་འདི་ཡི་ཞིང་ན།། དག་པའི་སྣང་བ་འཆར་རྒྱུ་དཀའ་ཡང་།།  ཡང་དག་སངས་རྒྱས་མི་གཟུགས་ཆེན་པོའི།། མཛད་འཕྲིན་དག་པའི་སྣང་བ་བསྒྱུར་སོང་།། ཀྱེ་མ་རྗེ་གཅིག་འགྲོ་བའི་སྐྱབས་མགོན།། ཞིང་གཞན་གདུལ་བྱའི་མགོན་དུ་བྱོན་ཏེ།། གཟུགས་སྐུ་སྟོང་བའི་དབྱིངས་སུ་བསྡུས་པས།། སྐྱོ་གདུང་མཆི་མས་མགྲིན་པ་གནང་ཡོད།།  རང་ཅག་སྙིགས་མའི་དུས་ཀྱི་སྐྱེས་བུས།། རྟག་འཛིན་འཁྲེགས་པོ་དོར་བའི་སླད་དུ།། རྒྱལ་བ་གོང་མའི་མཛད་འཕྲིན་བསྐྱངས་ཏེ།། མི་རྟག་མྱ་ངན་འདས་ཚུལ་བསྟན་སོང་།། སྐུ་ཡི་མཚན་བཟང་མཐོང་ཐབས་བྲལ་ཡང་།། གསུང་གི་གདམས་ངག་ཡིད་ལ་བཟུང་སྟེ།། ཐུགས་ཀྱི་བྱམས་བརྩེ་སྐྱབས་སུ་བཀུར་ནས།། བླ་མ་དྲན་པའི་སྐྱོ་བ་མནན་ཡོད།།   ཚད་མེད་རྣམ་བཞིས་རིས་མེད་གཟིགས་ཏེ།། འཕྲིན་ལས་རྣམ་བཞིས་འགྲོ་དོན་འགྲུབ་རྟགས།། དབྱིངས་ན་ཉི་ཟླ་སྐར་གསུམ་འཛོམས་ཤིང་།། ས་ལ་མེ་ཏོག་སྣ་ཚོགས་བཞད་སོང་།། མི་ཡི་ཚུལ་གྱིས་མི་དོན་སྒྲུབ་དུས།། མི་མཆོག་དམ་པའི་མཚན་སྙན་གསོལ་མྱོང་།། འདས་པའི་ཚུལ་གྱིས་དབྱིངས་སུ་ཐིམ་ཚེ།། ངོ་མཚར་འབུམ་གྱིས་རྟགས་མཚན་བཞག་སོང་།། ཀྱི་ཧུད་འགྲོ་བ་རིགས་མཐུན་ཕོ་མོ།། རང་ཅག་འགྲོ་བའི་སྐྱབས་མཆོག་བླ་མའི།། སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་རེ་རེ།། མི་ལྷུང་འཕྲེང་བའི་གྲངས་ལས་འདས་སོ།།  དེའི་ཕྱིར་དྲིན་ཆེན་བླ་མའི་ཡོན་ཏན།། བརྗོད་པའི་སྨྲ་ལྕེ་ང་ལ་མེད་ཀྱང་།།  དྲན་གདུང་དྲག་པོའི་ན་ཟུག་ཞི་ཕྱིར།། སྨྱུག་ཁ་འདར་མ་འདར་གྱིས་བྲིས་ཡོད།། དབང་ཆེན་དཔོན་པོས་ཁྲིམས་ཀྱིས་མ་བཀྱགས།། རྒྱུ་ཆེན་ཕྱུག་པོས་ནོར་གྱིས་མ་བསླུས།། རིས་མེད་སྙིང་རྗེའི་སྒྲོན་མེ་གཏེགས་ཏེ།།  ཉམ་ཐག་གདུལ་བྱའི་ལམ་སྣ་དྲངས་སོང་།།  སྐུ་མཆོག་གསེར་གྱི་ཉི་མ་གཞོན་ནུ།། རེ་ཞིག་ནུབ་རིའི་ཕག་ཏུ་ཡིབ་ཀྱང་།། ཐུགས་རྗེའི་ཚ་ཟེར་སྔར་ལས་རྒྱས་ཏེ།། ཞིང་འདིར་བྱོན་པའི་སྨོན་ལམ་འདེབས་སོ།། ཞེས་༢༠༡༣-༡༢-༡༢ཉིན་འཚོགས་ཁང་ནང་ནས་བྲིས།
 
སྤེལ་མཁན། རྗེས་དྲན་རྩོམ་སྒྲིག་ ip:223.220.123.*
སྤེལ་དུས། 2013-12-10 22:22:42
            བརྡ་སྦྱོར་ཡི་གེ

གནམ་ས་གཉིས་ཀྱི་ཧྲག་བར་ན་གཤེན་རབ་མི་བོ་ཆེས་མི་ཡུལ་ལ་བསྒྲོན་པའི་དྲོད་ཡོད་སའི་ཉི་མ་སེར་པོ་ཞིག་མི་ཡུལ་དང་ཁ་ཐག་གྱེས་སོང་། ད་ལོར་ང་དང་འགྲོ་བ་རིགས་དྲུག་གི་མ་ཡུམ་ཆེན་མོ་དེ་ཉིད་མི་ཡུལ་དང་རྒྱང་ཐག་ཕྱེས་སོང་།
རེད་དེ།     དེ་ནི་བན་བོན་རིས་མེད་དམ་འགྲོ་བ་ཡོད་ཚད་ཀྱི་བླ་མ་སྟེ། རྒྱ་འོབས་བླ་མའམ་རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ཁོང་རེད། ཁོང་གིས་སྐུ་ཚེ་ཧྲིལ་བོར་བསྟན་པ་དང་གདུལ་བྱའི་དོན་དུ་འཁོར་གསུམ་གྱི་མཛད་འཕྲིན་བསྐོར་ཅིང་བན་བོན་རིས་མེད་ཀྱི་འགྲོ་བ་མང་པོའི་དད་འདུན་གྱི་མེ་ཏོག་རྦ་རླབས་བཞིན་འཕྱུར་བའི་དུས་མཚུངས་སུ།     རྔ་བ་རྫོང་བོད་ཡིག་སློབ་འབྲིང་གིས་བསྒྲུབས་པའི་གངས་ཆབ་ཀྱི་ཐོག་ཏུའང་ཁོང་ལ་ངེས་དོན་གྱི་བླ་མའི་མཚན་སྙན་ཕུལ་ཞིང་།     ཁོང་གིས་འགྲན་བྲལ་གྱི་བླ་མའི་ཆོ་ལོ་ངང་གིས་བཞེས་ཏེ་མཚན་དོན་མཚུངས་པའི་རླབས་ཆེན་གྱི་མཛད་བཟང་རེ་རེས་མི་ཡུལ་ལ་བརྗེད་ཐབས་བྲལ་བའི་ཞབས་རྗེས་བཀོད་ཅིང་། མི་ཡུལ་ལ་འགྱུར་མེད་རྟག་བརྟན་གྱི་རྡོ་རིང་བཙུགས་ཏེ།        ཁོང་ཉིད་ཕེབས་སོང་། ཁོང་རིན་པོ་ཆེ་གདུལ་བྱ་གཞན་དོན་གྱི་སླད་དུ་དུས་ལྟར་ཕེབས་སོང་བས།       ང་ཚོས་བསྲོན་དཀའ་ཞིང་ནོན་ཐབས་བྲལ་བའི་སྐྱོ་གདུང་གི་སྨྲེ་ངག་འདོན་བཞིན། འུ་ཅག་གིས་ཐེག་དཀའ་ཞིང་བཟོད་ཐབས་བྲལ་བའི་སྡུག་ཡུས་འདི་གླེང་བཞིན།      དེ་རིང་ཁྱེད་དང་ང་ཚོའི་སྙིང་གི་མིག་ཆུ་གཏོར་ས་དང་སེམས་ཀྱི་ན་ཟུག་ཁེན་སའི་ལག་རྟེན་ཏེ། ༼རྗེ་བླ་མའི་རྗེས་དྲན༽ཟེར་བའི་དཔེ་དེབ་ཅིག་བསྐྲུན་རྩིས་ཡོད་པས།      སྐུ་ཉིད་ཀྱིས་རྗེ་བླ་མའི་འདས་སོང་གི་མཛད་རྗེས་བཟང་པོ་བརྗོད་བྱའིསྲོག་ཏུ་བཟུང་སྟེ་སེམས་ཀྱི་སྐད་ཆ་རེ་གསུང་རྒྱུ་དང་།       སྐུ་ཉིད་ཀྱིས་རྗེ་བླ་མའི་བྱམས་བརྩེའི་འོད་སྣང་རིས་མེད་ལ་བཅངས་པའི་ལྟ་ཚུལ་ཉུང་བསྡུས་རེ་འདོན་རོགས་ཅིས་ཀྱང་ཞུ་བཞིན་ཡོད།
རྩོམ་བསྡུ་ཡུན། སྤྱི་ཟླ་༡༢པའི་ཚེས༥ནས་ཚེས་༡༥བར་ཡིན།  
འབྲེལ་གཏུག་བྱ་ཡུལ།
གདོང་སྐལ་བཟང་བསམ་གཏན།
རིག་པའི་མེ་ལྕེ།
ཁ་པར་ཨང་གྲངས།༡༣༡༠༨༣༧༩༣༩༩
                       ༡༣༤༠༨༣༧༨༦༥༥
གླེང་མོལ་ཨང་གྲངས།  ༨༡༣༦༨༠༦༡༠.
 
སྤེལ་མཁན། དགེ་བློ་ནས། ip:118.117.166.*
སྤེལ་དུས། 2013-12-01 21:46:07
རྒྱལ་ཚབ་ཚང་།  ང་ངུ་བཞིན་ཡོད།  རྒྱུ་མཚན། ཁྱེད་ཀྱི་བཀའ་དྲིན་དེའི་ཆེད་ཡིན། ཡང་གཅིག་བཤད་ན་ཁྱེད་ང་ཚོ་དང་གཏན་ནས་གཏན་དུ་བྲལ་སོང་བས་ཡིན།
ང་ངོ་མ་ཁྱེད་ལ་དད། རྒྱུ་མཚན། ཁྱེད་ཀྱི་ཞི་དུལ་བག་ཡོད་ཀྱི་མཛད་འཕྲིན་རེ་རེས་ཡིན། རྒྱལ་ཚབ་ཚང་། སླར་ཡང་མི་ཡུལ་དུ་ཕེབས་རོགས་གནང་།   ཉམ་ཐག་པའི་ང་ཚོའི་ཆེད་དུ།
 
སྤེལ་མཁན། མིང་མེད། ip:118.117.164.*
སྤེལ་དུས། 2013-12-01 20:01:44

      བླ་མ་ལགས།
བཀའ་དྲིན་སུམ་ལྡན་བསྟན་འཛིན་དབང་གི་རྒྱལ།།
ལྷག་བསམ་གཙང་མས་དཀའ་བ་མ་འཛེམ་པར།།
བསྟན་འགྲོའི་དོན་དུ་བོན་བསྟན་འཛིན་སྐྱོང་ཆེད།།
སེམས་ངོ་དག་ཞིང་སངས་རྒྱས་ངོ་མ་ཡིན།།
་་་་་་་་་་་སྣང་མཐའ་གཡུང་དྲུང་ཉི་མ་ནས།
 
སྤེལ་མཁན། མིང་མེད། ip:118.117.164.*
སྤེལ་དུས། 2013-12-01 19:56:27
རྗེས་དྲན་དད་པའི་གདུང་དབྱངས།
བླ་མའི་གསུང་དབྱངས་སྙན་མོ།།
ཕྱི་དར་བསྟན་པའི་བདག་པོ།།
རྒྱལ་ཚབ་འགྲོ་བའི་མགོན་པོ།།
སྙིང་གི་མེ་ཏོག་སེར་ཆེན།།
བྲག༴བཙན་དུག་ནས།
 
སྤེལ་མཁན། སྨན་རིའི་དགེ་བཤེས་མག ip:46.13.16.*
སྤེལ་དུས། 2013-11-29 01:11:33
མཚུངས་མེད་བླ་མ་རྒྱ་འོབས་རིན་པོ་ཆེ་སྐུ་ཞི་བར་གཤེགས་པར་སྒོ་གསུམ་གུས་པ་ཆེན་པོས་གུས་འདུད་ཞུ་བར་མ་ཟད། བླ་མ་རིན་པོ་ཆེ་མཆོག་གི་ཁྱིམ་གཞིས་ཀྱི་རྗེས་ལུས་ནང་མི་རྣམས་དང་གང་གི་སློབ་བུ་སྦྱིན་བདག་བཅས་པར་སེམས་གཏིང་ནས་ཐུགས་གསོ་ཞུ་བཞིན་ཡོད། ལྷག་པར་དུ་མདོ་སྨད་སྣང་ཞིག་རྒྱལ་བསྟན་དགོན་གྱི་བླ་གྲྭ་ཡོངས་ལ་ཐུགས་གསོ་ཞུ་བཞིན་ཡོད། དེས་ན་བསྟན་པའི་སྦྱིན་བདག་རྣམས་དང་གང་གི་སློབ་བུ་དང་སྣང་ཞིག་རྒྱལ་བསྟན་དགོན་གྱི་བླ་གྲྭ་ཡོངས་ནས་ཐུགས་ཕམ་ཅིས་མི་འབྱུང་འོན་ཀྱང་བླ་མའི་གདམས་ངག་ཡིད་ལ་དྲན་ནས་སྒོ་གསུམ་དགེ་བའི་ཕྱོགས་ལ་འབད་འབུངས་གནོང་དང་བླ་མའི་བཀའ་དྲིན་གསོ་བ་དེ་ལས་མེད་པར་ངེས། སྤྱིར་ནི་བླ་མ་རྒྱ་འོབས་རིན་པོ་ཆེ་མཆོག་ནི་བོན་ཕྱོགས་ཙམ་དུ་མ་ཟད་གཞན་གྱི་ཆོས་རྒྱུད་འཛིན་པ་བ་རྣམས་ཀྱིས་ཀྱང་དད་གུས་བླ་ན་མེད་པར་ཞུ་ཡུལ་ཞིག་ཡིན་པས་དེ་ནི་ཁོང་གི་ཐུགས་རྒྱུད་བྱང་སེམས་ཀྱིས་བརླན་པ་ལས་བྱུང་བ་ཞིག་ཡིན།
 
སྤེལ་མཁན། ཧྲེ་ཤུལ་བསྟན་པ་འབྲུག ip:182.130.14.*
སྤེལ་དུས། 2013-11-29 00:26:21
                                                འོད་ལམ་ལམ་གྱི་ཚེ་འབར།
མི་ལོ་བརྒྱད་ཅུའི་ཡར་སྔོན་དུ།ཕ་ཡུལ་གྱི་མཁའ་དབྱིངས་ན་ཉི་ཟླ་སྐར་གསུམ་གྱི་འོད་སྣང་འཕྲོ་འདུ་བགྱི་ཞིང་།དཀར་མར་སེར་གསུམ་གྱི་མེ་ཏོག་སྡུག་གུར་བཞད་དུས།གནམ་གྱི་རྒྱལ་མོ་མཉེས་པས་མཚམས་སྤྲིན་གྱི་ཁ་དོག་འོད་དུ་འཚེར་ཅིང་།ས་ཡི་ལྷ་མོ་དགྱེས་པས་མཐིང་མདོག་གི་རྨི་ལམ་རུམ་མྱོང་ཟེར།ཉིན་དེ་ནས་ཉིད་ཀྱིས་ས་ཆེན་གྱི་ཕང་བར་གསེར་མདོག་གི་ཞབས་རྗེས་དཔར།བྱམས་སེམས་ཀྱི་མཛེས་པ་སྲོག་ཏུ་བཟུང་ནས་འགྲོ་དྲུག་མ་རུ་སྒོམ་དུས།ངའི་བླ་སྲོག་གི་མཆོད་སྟེགས་ན་འོད་ལམ་ལམ་གྱིས་འབར་གྱིན་པའི་ཚེ་འབར་དེ་ཁྱེད་ཡིན།དེ་བས།བྱིས་དུས་ཀྱི་བློ་རྩེ་གཏོད་ས་ཁྱེད་ཀྱི་མཉེས་གཤེན།གཞོན་དུས་ཀྱི་དད་པས་བཏེགས་པ་ཁྱེད་ཀྱི་ཤེས་རབ།རྒས་དུས་སུ་སྐྱབས་འཇུག་ཞུ་སའང་ཁྱེད་ཀྱི་བྱིན་རླབས་ཁོ་ན་ཡིན་པས།ངའི་འདས་མ་ད་གསུམ་དུ་ཁྱེད་ནི་མེ་ཏོག་དང་རོལ་དབྱངས་རྐྱང་རྐྱང་གིས་མཆོད་ཅིང་བཀུར།
ཀྱེ་རིན་པོ་ཆེ།
ཤེས་རབ་ཀྱི་འཚོ་བའི་ཞིང་ཁམས་ན།ཁྱེད་ནི་སྨྲ་བའི་སེང་གེའི་རྣམ་སྤྲུལ་དུ་བསྔགས་ཤིང་།
སྡུག་བསྔལ་གྱི་འོ་དོད་འབོད་ས་ན།ཁྱེད་ནི་ཀུན་སྐྱོབས་བྱམས་མའི་ཐུགས་སྲས་སུ་མཐོང་།
ཁམས་གསུམ་གྱི་གདུལ་བྱའི་སྤྱི་གཙུག་ན།ཁྱེད་ནི་སངས་རྒྱས་སྟོང་གི་ཞལ་སྐྱིན་དུ་བྱོན་ཅིང་།
ཚུར་མཐོང་གི་སྣང་ངོ་ན།ཁྱེད་ནི་གང་ལ་གང་འདུལ་གྱི་སྤྲུལ་སྐུ་ཞིག་ཏུ་ངེས།
གང་ལྟར།
གངས་ཆེན་པོའི་འགྱངས་སྟབས་ལས།ཁྱེད་ཀྱི་ཟབ་བརླིང་མཐོང་ཤིང་།ངས་ཤེས་བརྩོན་རྙེད་བྱུང་།
ཆུ་ཆེན་པོའི་བཞུར་འགྲོས་ལས།ཁྱེད་ཀྱི་ངང་རྒྱུད་རྟོགས་ཤིང་།ངས་ཕུགས་བསམ་རྙེད་བྱུང་།
རིན་པོ་ཆེ།
གནམ་སྔོན་མོ་མེ་རུ་མ་འབར་ཞིང་།ས་དོག་མོ་རླུང་གིས་མ་ཁུར་ན།ངའི་ལུས་ངག་ཡིད་གསུམ་གྱི་ཟབ་ས་ན་ནམ་ཡང་འོད་ལམ་ལམ་གྱི་ཚེ་འབར་དེ་ཁྱེད་ཁོ་ན་ཡིན་པ་ལགས་སོ།།
       རིན་པོ་ཆེའི་སྐྱབས་འོག་ཏུ་ཚུད་པ་ཧྲེ་ཤུལ་བསྟན་པ་འབྲུག་གྲགས་ཀྱིས༢༠༡༣/༡༡/༢༦ལ།
 
སྤེལ་མཁན། མིང་མེད། ip:110.167.8.*
སྤེལ་དུས། 2013-11-28 22:13:31
“དུས་གསུམ་སངས་རྒྱས་མྱ་ངན་འདས་ཚུལ་བསྟན། །ཁམས་གསུམ་སེམས་ཅན་དེ་བཞིན་སྒྱུ་མ་ལ། །འཁོར་འདས་རྟག་ཏུ་རེ་བ་སྙིང་རེ་རྗེ། །མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །” ཞེས་གསུངས་པ་ལྟར། ས་ཐོག་གི་སྐྱེས་བུ། རྒྱལ་སྲས་འཕགས་པ། འགྲོ་བའི་དད་དཔོན་ཁོང་རྣམ་པས་ཀྱང་སྐྱེ་འཆིའི་ཚུལ་སྟོན་དགོས་པ་ནི་ཇི་འདྲའི་ཡིད་དུ་ཤོང་དཀའ་བ་ཞིག་རེད། འོན་ཀྱང་འདི་ལྟར་ཡང་དུ་བསམ་ཚེ་གསལ་བའི་ཉི་ཟླ་ལའང་འཆར་ནུབ་ཡོད་ཚེ་ས་སྟེང་གི་སྐྱེས་བུ་དམ་པ་ཁོང་ཉིད་ཀྱི་ཡང་སྲིད་ཞིག་འགྲོ་དོན་གྱི་འཕྲོ་སྐྱོང་ཕྱིར་མྱུར་ཕེབས་ཡོང་བར་གདུང་ཤུགས་དྲག་པོའི་གསོལ་སྨོན་དང་བཅས།
 
སྤེལ་མཁན། ཧོར་རྣམ་རྒྱལ། ip:27.24.190.*
སྤེལ་དུས། 2013-11-27 22:51:43
བཀའ་དྲིན་ཆེ།
 
སྤེལ་མཁན། ཁྲི་བློ་རྩེ། ip:182.130.15.*
སྤེལ་དུས། 2013-11-26 19:44:33
རྒྱལ་ཚབ་ཐམས་ཅད་མཁྱེན་པ། ཐུགས་རྗེ་སྤྱན་གྱིས་གཟིགས་རོགས། དུས་ད་ལྟ་ང་ཚོས་སྡུག་བསྔལ་དང་ངུ་འབོད་ཀྱི་ཀློང་ནས། ཁྱེད་ཉིད་ཀྱི་བྱམས་བརྩེ་དང་འཛུམ་ཞལ་དྲན་ཞིང་། ཁྱེད་ཉིད་ཀྱི་ཡིད་ཆེས་དང་བློ་སྤོབས་དྲན་བཞིན། དུས་ད་ལྟ་སྣང་དགོན་གྱི་མཐའ་བ་ན། དད་གུས་གྱིས་ལུས་ནས་ཡོད། རྒྱལ་ཚབ་ཐམས་ཅད་མཁྱེན་པ། ཐུགས་རྗེ་སྤྱན་གྱིས་གཟིགས་རོགས། རྗེ་གང་གི་གྲལ་མཐའ་བ་གསས་བུ་ཡེ་ཤེས་བློ་གྲོས་ནས་རྔ་བ་ནས་ཕུལ།
 
སྤེལ་མཁན། གཤེན་ཚེ་ཚང་། ip:91.40.122.*
སྤེལ་དུས། 2013-11-26 17:36:06
“དུས་གསུམ་སངས་རྒྱས་མྱ་ངན་འདས་ཚུལ་བསྟན། །ཁམས་གསུམ་སེམས་ཅན་དེ་བཞིན་སྒྱུ་མ་ལ། །འཁོར་འདས་རྟག་ཏུ་རེ་བ་སྙིང་རེ་རྗེ། །མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །” ཞེས་གསུངས་པ་ལྟར། ས་ཐོག་གི་སྐྱེས་བུ། རྒྱལ་སྲས་འཕགས་པ། འགྲོ་བའི་དད་དཔོན་ཁོང་རྣམ་པས་ཀྱང་སྐྱེ་འཆིའི་ཚུལ་སྟོན་དགོས་པ་ནི་ཇི་འདྲའི་ཡིད་དུ་ཤོང་དཀའ་བ་ཞིག་རེད། འོན་ཀྱང་འདི་ལྟར་ཡང་དུ་བསམ་ཚེ་གསལ་བའི་ཉི་ཟླ་ལའང་འཆར་ནུབ་ཡོད་ཚེ་ས་སྟེང་གི་སྐྱེས་བུ་དམ་པ་ཁོང་ཉིད་ཀྱི་ཡང་སྲིད་ཞིག་འགྲོ་དོན་གྱི་འཕྲོ་སྐྱོང་ཕྱིར་མྱུར་ཕེབས་ཡོང་བར་གདུང་ཤུགས་དྲག་པོའི་གསོལ་སྨོན་དང་བཅས།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།