ཁ་བྱང་།གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་སྐབས་གསུམ་པ་འཚོགས་པ།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། འཕགས་ཡུལ་སྨན་རིའི་དག ip:74.66.130.*
སྤེལ་དུས། 2013-09-01 17:14:43
ཇི་ལྟར་རིག་འཛིན་རྣམས་ཀྱིས་སྨོན་པ་བཞིན།
དེ་བཞིན་བོད་བསྟན་མེ་རོ་མཐའ་ནས་སྤོར།
གང་གསུང་རྒྱལ་བསྟན་གཙུག་གི་ནོར་བུ་གང།
གངས་ལྗོངས་འཛིན་མའི་ཏོག་ཏུ་མཆོད་འདི་རྨད།

 
སྤེལ་མཁན། མིང་མེད། ip:113.62.36.*
སྤེལ་དུས། 2013-09-01 12:26:17
བཀྲ་ཤིས་བདེ་ལེགས་ཞུ།
 
སྤེལ་མཁན། མིང་མེད། ip:14.139.236.*
སྤེལ་དུས། 2013-09-01 10:55:32
ཁྱེད་རྣམས་པས་འདི་ལྟར་རང་ཅག་སངས་རྒྱས་གཡུང་དྲུང་བོན་གྱི་རྒྱལ་བསྟན་རིན་པོ་ཆེ་ལ་སྲི་ཞུ་ལྷད་མེད་གནང་བར་སྙིང་ཁོང་རུས་པའི་གཏིང་ནས་དགའ་བསུ་ཞུ་བ་དང་སྦྲགས་སླད་ཀྱང་དེ་ལྟར་རྒྱལ་བསྟན་ལ་ཕན་པའི་གཡུང་དྲུང་སེམས་དཔའི་སྤྱོད་པ་རླབས་པོ་ཆེར་འཇུག་པར་གེགས་མེད་ལྷུན་གྲུབ་ཡོང་བའི་བཀྲིས་སྨོན་འདུན་གྲངས་མེད་དང་བཅས།  ཁྱེད་ཅག་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་ཕྱོགས་བཅུ་རྒྱས་པར་ཤོག།ཐུགས་རྗེ་ཆེ། ཐ་ཚན་མུ་ཙུག་སྨར་རོ། ཚ་རོང་པས།
 
སྤེལ་མཁན། ཧོར་རྣམ་རྒྱལ་ནས། ip:116.255.137.*
སྤེལ་དུས། 2013-09-01 06:07:56
ད་ལན་དགའ་མལ་དགོན་ཆེན་གྱི་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་དང་དཔོན་སློབ་ཤེས་རབ་མཐར་ཕྱིན། སྣང་ཞིག་དངུལ་སྐུ་དགོན་གྱི་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རྣམ་པས་ཐུགས་བསྐྱེད་དང་ལྷག་བསམ་གྱི་དབུ་ཁྲིད་འོག གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་སྐབས་གསུམ་པ་འཚོགས་པ་དང་། གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོའི་མདོ་སྨད་ཤར་ཟིང་ཆུའི་ཡུལ་གྱི་སྤྱི་དགོན་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་གཟབ་རྒྱས་ངང་འཚོགས་ཐུབ་པ་བཀྲ་ཤིས་བདེ་ལེགས་ཞུ་དང་།  ལྷག་པར་དུ་འདི་ལྟ་བུའི་ཁྱབ་བསྒྲག་གི་དྲྭ་གནས་བཟང་པོ་ཞིག་ཡོད་པ་ལ་བཀའ་དྲིན་ཆེ་ཞུའོ།།
 
སྤེལ་མཁན། མང་སྤྲུལ་དགེ་བཤེས་གཙ ip:221.176.65.*
སྤེལ་དུས། 2013-08-31 18:31:03
གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་དང་   གཡས་རུའི་འཆད་ བརྩོད་ཐེངས་དང་པོ་མཉམ་འཚོགས་ཐུབ་པ་དེ་དག་རང་ཅག་བོན་འབང་ཡོངས་ཀྱི་བསོད་ནམས་ཀྱི་སྐལ་བ་ཆེན་པོ་ཐོབ་པ་འདི་རང་ཉིད་དད་གུས་མོས་གསུམ་གྱི་སྒོ་ནས་བཀྲ་ཤིས་བདེ་ལེགས་ཞུ་  རང་ད་ཐེངས་འཚོགས་འདུ་ཞུགས་རྒྱུའི་ཆོག་མཆན་མ་ཐོབ་པ་ལ་འགྱོད་པ་ཤིན་ཏུ་ཆེ་བ་མ་ཟད་དགོངས་དག་ཡང་ཡང་ཞུ་    དགོངས་རོལ་པ་མང་སྤྲུལ་དགེ་བཤེས་གཙུག་ཕུད་རྣམ་རྒྱལ་ནས་ཕུལ།།
 
སྤེལ་མཁན། གངས་རིའི་བུ་ཕྲུག་ནས་ ip:116.255.137.*
སྤེལ་དུས། 2013-08-31 12:57:36
གཡུང་དྲུང་བོན་གྱི་བསྟན་པའི་མཛད་འཕྲིན་སྐྱོང་མཁན་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན །
 
སྤེལ་མཁན། སྣང་མཐའ་བསྟན་འཛིན་ཉི ip:116.255.137.*
སྤེལ་དུས། 2013-08-31 11:26:18
བོན་རྒྱལ་ལོ། ལྷ་རྒྱལ་ལོ། དངོས་གནས་ཐུགས་རྗེ་ཆེ།
 
སྤེལ་མཁན། བཀྲ་ཤིས་བོན་པོ་ནས། ip:74.66.130.*
སྤེལ་དུས། 2013-08-31 10:54:27
ལས་དོན་གང་སྤྱིའི་ཐོག་ལ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། གྲ་སྒྲིག་འདི་འདྲ་གནང་བར་རྗེས་སུ་ཡི་རངས་ཞུ་བར་མ་ཟད་ལས་དོན་བྱེད་ཕྱོགས་ཐམས་ཅད་ལ་རྒྱབ་སྐྱོར་གཙང་མ་ཡོད། ཁ་ཡིས་བཤད་པ་དང་ལག་གིས་ལེན་མཁན་དབར་ལ་ཁྱད་པར་གནམ་ས་ཡོད། དེས་ན་ཁྱེད་རྣམས་ཀྱིས་འཆར་གཞི་དང་གོ་རིམ་སྒྲིག་ཕྱོགས་སོགས་མཐའ་དག་ལ་རྒྱབ་སྐྱོར་གཙང་མ་ཡོད་ཞུ།
 
སྤེལ་མཁན། ཨ་རི་བའི་བོན་པོ་ཞིག་ ip:24.147.81.*
སྤེལ་དུས། 2013-08-31 09:43:01
བསྐལ་པོ་དེ་བཟང་། གཡུང་དྲུང་གི་བོན་དར། རབ་འབྱམས་འདུས་སྡེ་རྒྱས། ཐུགས་མཐུན་དམ་ཚིག་གཙང་། ཤེས་རིག་ཡོན་ཏན་ཕྱུག། ཡར་རྒྱས་གོང་དུ་འཕེལ། ཡ་རབ་བཟང་སྤྱོད་ལྡན། ངོ་མཚར་རྨད་དུ་བྱུང་། བསྟན་པ་ཡུན་དུ་གནས། གཤེན་རབ་ཐུགས་མཆོག་དགྱེས། བོན་པོར་དགོས་པ་ཁྱེད་ཚོས་བྱས། མ་འོངས་འདི་བཞིན་གནས་པར་ཤོག། བཀྲ་ཤིས་དགེའོ། །
 
སྤེལ་མཁན། སྦ་བྱང་ནས། ip:116.255.187.*
སྤེལ་དུས། 2013-08-31 01:32:01
བྱང་བྱ་དུར་དགའ་མལ་དགོན་ཆེན་གྱིས་དཀའ་བ་བརྒྱ་དང་ངལ་བ་སྟོང་གིས་བསྐྲུན་པའི་གཡས་རི་མཆད་རྩོད་ཆེན་མོ་དང་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་རྒྱུན་ལས་ལས་འཛིན་འཚོགས་ཐབས་པ་བྱུང་བ་མ་ཟད་བླ་སྤྲུལ་འདུས་པ་སྟོང་ཕྲག་དུ་མར་བསུ་བ་དང་སྣེ་ལེན་གཟབ་རྒྱས་གནང་སྟེ་ཁ་ཡོད་ལགས་ཡོད་ཀྱིས་བསྟན་པའི་ལས་དོན་རླབས་པོ་ཆེ་བསྒྲུབས་པ་ལ་སྙིང་ཁོང་རུས་པའི་དཀྱིལ་ནས་དགའ་བསུ་དང་ཡིད་རངས་ཡང་ཡང་ཞུ་བ་དང་དེ་བཞིན་ས་ཕྱོགས་གང་སར་ནས་ཕེབས་པའི་སྐྱེས་ཆེན་གྱི་བླ་སྤྲུལ་དམ་པ་རྣམས་དང་འདུས་པ་རྒྱ་མཚོ་ཡོངས་ལ་ལྷག་བསམ་དག་པས་ཆེད་ཕེབས་གནང་བ་དཀའ་དྲིན་ཆེ་ཞུ་བ་དང་ཞུགས་རྗེ་ཆེ་ཞུ་བ་དང་འབྲེལ་ད་རེས་ཀྱི་མཛད་འཕྲིན་རླབས་ཆེན་འདི་རྒྱུད་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཡངས་པའི་རྒྱལ་ཁམས་ཀུན་ཏུ་དར་ཞིང་རྒྱས་པའི་སྨོན་པ་ལན་བརྒྱར་ཞུ།
 
སྤེལ་མཁན། མིང་མེད། ip:182.130.13.*
སྤེལ་དུས། 2013-08-31 01:06:16
ཐུགས་རྗེ་ཆེ། སྙིང་དབུས་ནས་ཡིད་རང་ཡོད།
 
སྤེལ་མཁན། བོན་དགའ་ནས ip:221.176.65.*
སྤེལ་དུས། 2013-08-31 00:01:10
བཀྲིས་བདེ་ལེགས །
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།