ཁ་བྱང་།ཁམས་བྲག་འགོ་རྒྱལ་རོང་དགོན་ཆེས་མཐོའི་ལྔ་རིག་སློབ་གླིང་གི་འཕྲིན་གསར།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། ལྕོག་རལ་གྲི་ནས ip:37.228.106.*
སྤེལ་དུས། 2014-04-28 01:51:11
གཞན་ཕན་ལྷག་བསམ་ལྡན་པའི་དབུ་ཁྲིད་རྣམ་པ་དང་ཐོས་བསམ་ལས་ལ་བརྩོན་པའི་དགེ་བཙུན་རྣམ་པ་ཐམས་ཅད་ལ་བཀྲ་ཤིས་རྟེན་འབྲེལ་དང་མ་འོང་བྱ་གཞག་མཐའ་དག་ལེགས་འགྲུབ་ཡོང་བའི་རེ་སྨོན་གྲངས་མེད་ཞུ། གཞན་ཡང་བརྡ་སྤྲོད་རིགས་གནས་དང་ལྷག་པར་ཏུ་བརྡ་རྙིང་པའམ་བོན་ཚིག་རྣམས་ལ་ངེས་པར་ཏུ་འབད་འབུངས་དང་རྒྱུན་འཛིན་གནང་སྐྱོང་ཡོང་བར་མཁྱེཻན།
 
སྤེལ་མཁན། མིང་མེད། ip:110.191.86.*
སྤེལ་དུས། 2013-11-03 14:53:54
ཁྲི་སྨོན་རྒྱལ་བཞེད་ཀྱི་རྣམ་ཐར་འཆང་བར་ཐུགས་རྗེ་ཆེ།
 
སྤེལ་མཁན། གནམ་ཐོག ip:110.191.86.*
སྤེལ་དུས། 2013-11-03 14:51:51
ཐུགས་རྗེ་ཆེ་སྙིང་དབུས་ནས་ཡིད་རང་ཡོད།
 
སྤེལ་མཁན། ཁ་བའི་སྲས་པོ། ip:182.148.111.*
སྤེལ་དུས། 2013-09-23 14:57:56
སྤོབས་པ་བསྐྱེད་ཅིག           སྙིང་སྟོབས་བསྐྱེད་ཅིག               སློབ་སྦྱོང་བྱོས་ཤིག                ཇོ་མོ་ཚོ།         འདྲ་མཉམ་གྱི་ཐོབ་ཐང་འོག་         མདུན་དུ་སྐྱོད་ཅིག
ཇོ་མོ་ཚོ།                        མཐུན་སྒྲིལ་གྱིས་ཤིག                        
 
སྤེལ་མཁན། དཔའ་བརྡ་བསྟན་རྣམ། ip:113.62.51.*
སྤེལ་དུས། 2013-09-13 19:35:25
འདི་ལྟའི་མཛད་བཟང་ལེགས་གྲུབ་བྱུང་བར་དབུ་འཛིན་རྣམ་པ་དང་ཚོགས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་དེ་བཞིན་མ་འོངས་ལོ་ཟླའི་ནང་དུའང་སྔར་ལས་ལྷག་པའི་ཡར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་བཅས།
 
སྤེལ་མཁན། མིང་མེད། ip:113.62.52.*
སྤེལ་དུས། 2013-09-13 13:17:41
གྲོགས བདེན་པ་ལགས་བསམ་བློ་དེ་ཅི་ལྟར་བསྐོར་བ་ཡིན་་་་་ཕར་ཆེར་རང་དཔེ་གཞན་འདྲེན་མིན་ནམ་སྙམ།   སྐྱ་བོ་ཞིག་གིས་མདོ་སྟོད་ནས།
 
སྤེལ་མཁན། བཀྲ་ཤིས་བདེ་ལེགས་ ip:124.31.206.*
སྤེལ་དུས། 2013-09-13 04:32:49
ཡག་པོ་འདུག་ལས་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན་
 
སྤེལ་མཁན། མིང་མེད། ip:221.176.65.*
སྤེལ་དུས། 2013-09-12 23:00:59
བཀྲ་ཤིས་བདེ་ལེགས་དངོས་གནས་བཟང་འདུག་ཡིན་ན་
ཡང་དེ་དག་འདུལ་ཁྲིམས་གཙང་མ་ག་ཚད་ཡོད་ན་སྙམ་
བདེན་པ་ནས་
 
སྤེལ་མཁན། བོན་དགའ་ཞིག་ནས ip:24.147.81.*
སྤེལ་དུས། 2013-09-12 22:54:53
ཨ་ནི་གཞོན་ནུ་མ་འདི་ཚོ་ལ་བོད་རང་ལུགས་ཀྱི་རིག་གནས་སྲོག་རྩར་བཟུང་ནས་རྒྱ་སྐད་དང་དབྱིན་སྐད་ཀྱང་ཚུལ་བཞིན་དུ་སློབ་རོགས། བྱུང་ན་ལག་ཁྱེར་དེ་ཚོ་དེང་དུས་ཀྱི་སློབ་གྲྭའི་འགྲོ་སྟངས་ཡོད་པའི་རྒྱལ་ཡོངས་ཀྱིས་ངོས་འཛིན་ཡོད་པ་དེ་འདྲ་བཟོ་ཐུབ་ན་ཕན་པ་བརྒྱ་འགྱུར་དང་སྟོང་འགྱུར་གྱིས་ཆེ་བར་སེམས། མིའི་མི་ཚེ་ཟེར་བ་འདི་ལ་འདྲ་མི་འདྲ་མང་པོ་ཡོང་རྒྱུ་ཡོད་རེད། དེ་འདྲ་ཡིན་དུས་ཨ་ནི་འདི་ཚོ་ལ་བོན་དང་འཇིགས་རྟེན་གཉིས་ཀའི་འགྲོ་སྟངས་དང་སྡོད་སྟངས་ལེགས་པར་སློབ་དགོས་རྒྱུ་དེ་གལ་ཆེན་པོ་རེད། ཧ་ཅང་བསྒྲིག་ཁྲིམས་བཙན་པོ་དེ་འདྲའི་འོག་ལ་གདུག་བཙིར་མ་གཏོང་རོགས། གུ་ཡངས་དང་དགའ་བཞིན་སྤྲོ་བཞིན་པའི་ངང་ནས་སློབ་གཉེར་ལ་བརྩོན་པའི་ཐབས་ལམ་སྟོན་དགོས། གཙང་སྦྲ་འཕྲོད་བསྟེན་དང་རི་མོ་དང་སྒྱུ་རྩལ་སོགས་ཀྱང་ལེགས་པར་སློབ་དགོས་པ་རེད། མི་ཚེའི་རིན་ཐང་དང་ཡ་རབ་སྤྱོད་བཟང་གི་སློབ་སྟོན་ངེས་པར་དུ་བྱེད་དགོས། རྗེས་སུ་ཨ་ནི་འདོ་ཚོ་སློབ་མཐར་ཕྱིན་རྗེས་ཡུལ་ལུང་ག་བར་ཕྱིན་པ་ཡིན་ན་ལས་དུས་རབས་གསར་པའི་མི་ཚེའི་འགྲོ་སྟངས་ལྟར་རང་མགོ་ཐོན་ཐུབ་པ་ཞིག་ད་ལྟ་ནས་བཟོ་དགོས་པ་རེད། རྨོངས་འཆར་ཙམ་ཡིན་ནོ། གཞན་སྐུ་ལས་སྐྱོན་མཁན་ཚང་མ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས་ཞུ། རིམ་པ་བཞིན་དུ་བསྒྲུབ་བྱ་དང་། ཡང་དག་རྟགས་ཀྱི་བསྒྲུབ་བྱའོ། བྱ་བ་ཚང་མ་རིམ་པ་བཞིན་དུ་སྒྲུབ་པའི་ཐབས་ལ་བཙོན་པར་འཚལ་ལོ། །
 
སྤེལ་མཁན། ཤེས་རབ་བཟོད་པས ip:116.255.205.*
སྤེལ་དུས། 2013-09-12 21:53:28
ངོ་མ་ཡགས་པོ་རེད། བཀའ་དྲིན་ཆེ་བཀའ་དྲིན་ཆེ། སྤྲུལ་འཆི་མེད་གཡུང་དྲུང་ལ་བཀའ་དྲིན་ལན་བརྒྱ་ཞུ།  བཙུན་མ་ཚོ་སྤོབས་པ་བསྐྱེད་ཅིག  ཅོག་ལོ་ཤེས་རབ་བཟོད་པ་ནས།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།