ཁ་བྱང་།སྣང་ཞིག་༧རྒྱལ་ཚབ་རྒྱ་འོབས་རིན་པོ་ཆེ་སྐུ་ཞི་བར་གཤེགས་པའི་མྱ་ངན་ཞུ་བའི་ཆེད་བསྒྲིགས།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། གཙོ་མཆོགཁྲི་ཀ ip:36.100.250.*
སྤེལ་དུས། 2014-12-14 14:37:41
ཨེ་མ་ཧོ།  སྙིང་རྗེས་འགྲོ་ལ་བརྩེ་བའི་བཀའ་དྲིན་ཅན།། བསླབ་གསུམ་བསྟན་པའི་བདག་ཉིད་འགྲོ་བའི་མགོན།། རྩ་བའི་བླ་མ་བསྟན་འཛིན་དབང་རྒྱལ་ལ།། བདག་སོགས་རྩེ་གཅིག་མོས་པས་གསོལ་བ་འདེབས།།
 
སྤེལ་མཁན། གཙོ་མཆོགཁྲི་ཀ ip:36.100.250.*
སྤེལ་དུས། 2014-12-14 14:34:20
བསླུ་མེད་གཏན་གྱི་སྐྱབས་གནས་དཀོན་མཆོག་གསུམ།། སྙིགས་མ་ལྔ་བདོའི་སྐྱབས་གཅིག་ཡབ་སྲས་གསུམ།། བསྟན་པའི་སྲུང་མ་མ་མཆོག་སྲིད་པའི་རྒྱལ།། རྒྱལ་ཀུན་འདུས་གཙོ་དྲིན་ཆེན་བླ་མ་མཁྱེན།། རྩེ་གཅིག་གསོལ་བ་བཏབ་པའི་རེ་འབྲས་སུ།། བར་ཆོད་ཀུན་སེལ་བསམ་དོན་མཐར་ཕྱིན་མཛོད།།
               ལུགས་གཉིས་མཁྱེན་པའི་མཁས་རྒུའི་དང་བ་འདྲེན།། ཚུལ་ཁྲིམས་རྣམ་དག་པདྨའི་སྦུབས་ལས་འཁྲུངས།། བཟང་བའི་ཡོན་ཏན་འཛམ་ཀླུང་གསེར་གྱི་ཟླ།། རྒྱ་འོབས་ཁྱུང་མོང་ཞབས་ལ་གསོལ་བ་འདེབས།
       ཨེ་མ་ཧོ།  སྙིང་རྗེས་འགྲོ་ལ་བརྩེ་བའི་བཀའ་དྲིན་ཅན།། བསླབ་གསུམ་བསྟན་པའི་བདག་ཉིད་འགྲོ་བའི་མགོན།། རྩ་བའི་བླ་མ་བསྟན་འཛིན་དབང་རྒྱལ།། བདག་སོགས་རྩེ་གཅིག་མོས་པས་གསོལ་བ་འདེབས།།
 
སྤེལ་མཁན། བོན་བརྒྱ་དགོནལྷུན་གྲ ip:125.72.91.*
སྤེལ་དུས། 2014-12-11 11:22:32
             རྗེས་དྲན་གྱི་སྙན་ཚིག
   སྐུ་ལུས་ཉི་མ་ཟེར་པོ་རྒྱང་དུ་བཞུད།
  འགྱུར་མེད་བརྩེ་བ་ཟབ་མོ་རྒྱབ་ཏུ་བསྐྱུར།
  སྨྱུག་ཁའི་གོམ་ལས་རྩེན་པའི་གསོལ་འདེབས་ཏེ།
  ཇི་སྲིད་འཚོ་བའི་བར་ན་གཏན་ཏུ་གནས།
   
   མྱ་ངན་ཚིག་གི་གདུང་དབྱངས་ཡི་གེར་འཛུམ།
   དྲན་པའི་མིག་ཆུ་རེ་རེ་ས་ལ་འཐོར།
   ཁྱེད་ཀྱིས་བདག་ལ་གནང་བའི་འཛུམ་ཞལ་དེ།
   མི་རྟག་འཁོར་བའི་རྒྱུད་ན་ཉམས་པར་འགྱུར།
   
    སེམས་སུ་ཉར་བའི་རིག་པའི་ས་བོན་ནི།
   འགྲོ་བའི་རིགས་ལ་སྦྱིན་དང་དེད་དཔོན་མཆོག
   དལ་འབྱོར་མི་ལུས་རིན་ཐང་མི་རྟག་ཡང་།
   ལྔ་རིག་སྐྱེད་ཚལ་རྫོགས་ན་མཁས་ཡང་སྲིད།
  
   ཉི་གཞོན་འོད་སྣང་བཀྲ་བའི་དགོན་སྡེ་ན།
   གཏི་མུག་རིག་པ་རྨོངས་བའི་ཕྲན་ཆུང་ངས།
    དགུན་ཟླའི་ཁ་བ་འབབ་པའི་རི་གྲོང་ན།
    སེམས་ཀྱི་མྱ་ངན་ཡོད་ཚད་ཡི་གེར་བཀོད།
   
  
   
   
 
སྤེལ་མཁན། མིང་མེད། ip:182.140.126.*
སྤེལ་དུས། 2014-09-14 13:11:49
ཐུགས་རྗེ་ཆེ
 
སྤེལ་མཁན། མིང་མེད། ip:118.117.164.*
སྤེལ་དུས། 2013-12-23 18:04:36
དྲིན་ཆེན་ལགས། ཁྱེད་རང་འཇིག་རྟེན་འདི་དང་ཁ་བྲལ་བ་ནས་བཟུང་གུས་ལྡན་གྱིས་སློབ་མ་རང་ཉིད་ཀྱི་ཡོད་ཚད་ཀྱི་ཡོད་ཚད་འདི་མེད་སོང་ཡིན་པའི་སྣང་བ་ང་ལ་སྦྱིན་སོང་། ཡིན་ཡང་ཉིན་རེ་ནས་ཉིན་རེའི་བར་གྱི་རྟགས་མཚན་འདི་ལ་དམིགས་ན་ཁྱེད་རང་ང་རང་ཚོ་དང་མཉམ་དུ་གནས་ཡོད་པ་གདོན་མི་ཟ་འདུག དྲིན་ཆེ་ལགས། ཁྱེད་རང་གི་བརྩེ་བ་སྙིང་རྗེ་ཆེན་པོའི་དུས་རྟག་ཏུ་འཇིག་རྟེན་འདིར་ལུས་པའི་སེམས་ཅན་རྣམས་ལ་གཟིགས་རོགས་ཞུ། །

                                            གུས་ལྡན་གྱི་སློབ་མ་ཧར་སྣེ་རྣམ་རྒྱལ་ནས།
 
སྤེལ་མཁན། ཚུལ་ཁྲིམས་ཀུན་དགའ། ip:182.130.14.*
སྤེལ་དུས། 2013-12-20 22:21:36

ངའི་བླ་མ་་་ཉི་མ་སེར་པོ།
                   ཚུལ་ཁྲིམས་ཀུན་དགའ།    ༼རྩེ་ཞིག༽
དགུང་ཉི་མ་ནུབ་རི་བསྐྱོད་སོང་།
རྗེ་བླ་མ་བོན་དབྱིངས་གཤེགས་སོང་།
བོད་ཕྲེང་འཛིན་དད་སེམས་ཅན་གྱིས།
མིག་ཆུ་མའི་ངུ་སྐད་ཤོར་སོང་།

དགུང་ཟླ་བ་དབྱིངས་ལ་ཐིམ་སོང་།
རྗེ་བླ་མ་ཞིང་གཞན་གཤེགས་སོང་།
འབངས་སློབ་མ་དགེ་སེམས་ཅན་གྱིས།
སེམས་གདུང་བའི་སྡུག་གཏམ་ཤོར་སོང་།

དགུང་སྐར་ཆེན་ས་ལ་ལྷུང་སོང་།
རྗེ་བླ་མས་གྱེས་བྲལ་བཞག་སོང་།
ངའི་ཡ་ཆུང་སྙིང་ཁོང་ནང་ནས།
སེམས་སྡུག་པས་སྙན་ཚིག་འགུག་སོང་། །

ཕྱི་སྣོད་གྱི་འཇིག་རྟེན་འདི་ནས། །
ངའི་ཚེ་གཅིག་སྐྱབས་སའི་བླ་མ། །
ཚེ་མི་རྟག་འདས་ཚུལ་བསྟན་ནས། །
བོད་འགྲོ་བའི་མགོན་ནས་གྱེས་སོང་། །

 
སྤེལ་མཁན། ཚུལ་ཁྲིམས་ཀུན་དགའ། ip:182.130.14.*
སྤེལ་དུས། 2013-12-20 22:21:11

ངའི་བླ་མ་་་ཉི་མ་སེར་པོ།
                   ཚུལ་ཁྲིམས་ཀུན་དགའ།    ༼རྩེ་ཞིག༽
དགུང་ཉི་མ་ནུབ་རི་བསྐྱོད་སོང་།
རྗེ་བླ་མ་བོན་དབྱིངས་གཤེགས་སོང་།
བོད་ཕྲེང་འཛིན་དད་སེམས་ཅན་གྱིས།
མིག་ཆུ་མའི་ངུ་སྐད་ཤོར་སོང་།

དགུང་ཟླ་བ་དབྱིངས་ལ་ཐིམ་སོང་།
རྗེ་བླ་མ་ཞིང་གཞན་གཤེགས་སོང་།
འབངས་སློབ་མ་དགེ་སེམས་ཅན་གྱིས།
སེམས་གདུང་བའི་སྡུག་གཏམ་ཤོར་སོང་།

དགུང་སྐར་ཆེན་ས་ལ་ལྷུང་སོང་།
རྗེ་བླ་མས་གྱེས་བྲལ་བཞག་སོང་།
ངའི་ཡ་ཆུང་སྙིང་ཁོང་ནང་ནས།
སེམས་སྡུག་པས་སྙན་ཚིག་འགུག་སོང་། །

ཕྱི་སྣོད་གྱི་འཇིག་རྟེན་འདི་ནས། །
ངའི་ཚེ་གཅིག་སྐྱབས་སའི་བླ་མ། །
ཚེ་མི་རྟག་འདས་ཚུལ་བསྟན་ནས། །
བོད་འགྲོ་བའི་མགོན་ནས་གྱེས་སོང་། །

 
སྤེལ་མཁན། ཚུལ་ཁྲིམས་ཀུན་དགའ ip:182.130.14.*
སྤེལ་དུས། 2013-12-20 18:53:56

ངའི་བླ་མ་་་ཉི་མ་སེར་པོ།
                   ཚུལ་ཁྲིམས་ཀུན་དགའ།   ༼རྩེ་ཞིག༽
དགུང་ཉི་མ་ནུབ་རི་བསྐྱོད་སོང་།
རྗེ་བླ་མ་བོན་དབྱིངས་གཤེགས་སོང་།
བོད་ཕྲེང་འཛིན་དད་སེམས་ཅན་གྱིས།
མིག་ཆུ་མའི་ངུ་སྐད་ཤོར་སོང་།

དགུང་ཟླ་བ་དབྱིངས་ལ་ཐིམ་སོང་།
རྗེ་བླ་མ་ཞིང་གཞན་གཤེགས་སོང་།
འབངས་སློབ་མ་དགེ་སེམས་ཅན་གྱིས།
སེམས་གདུང་བའི་སྡུག་གཏམ་ཤོར་སོང་།

དགུང་སྐར་ཆེན་ས་ལ་ལྷུང་སོང་།
རྗེ་བླ་མས་གྱེས་བྲལ་བཞག་སོང་།
ངའི་ཡ་ཆུང་སྙིང་ཁོང་ནང་ནས།
སེམས་སྡུག་པས་སྙན་ཚིག་འགུག་སོང་། །

ཕྱི་སྣོད་གྱི་འཇིག་རྟེན་འདི་ནས། །
ངའི་ཚེ་གཅིག་སྐྱབས་སའི་བླ་མ། །
ཚེ་མི་རྟག་འདས་ཚུལ་བསྟན་ནས། །
བོད་འགྲོ་བའི་མགོན་ནས་གྱེས་སོང་། །

 
སྤེལ་མཁན། ཚུལ་ཁྲིམས་ཀུན་དགའ། ip:182.130.14.*
སྤེལ་དུས། 2013-12-20 18:31:14

ངའི་བླ་མ་་་ཉི་མ་སེར་པོ།
                  ཚུལ་ཁྲིམས་ཀུན་དགའ།  ༿རྩེ་ཞིག༾
དགུང་ཉི་མ་ནུབ་རི་བསྐྱོད་སོང་།
རྗེ་བླ་མ་བོན་དབྱིངས་གཤེགས་སོང་།
བོད་ཕྲེང་འཛིན་དད་སེམས་ཅན་གྱིས།
མིག་ཆུ་མའི་ངུ་སྐད་ཤོར་སོང་།

དགུང་ཟླ་བ་དབྱིངས་ལ་ཐིམ་སོང་།
རྗེ་བླ་མ་ཞིང་གཞན་གཤེགས་སོང་།
འབངས་སློབ་མ་དགེ་སེམས་ཅན་གྱིས།
སེམས་གདུང་བའི་སྡུག་གཏམ་ཤོར་སོང་།

དགུང་སྐར་ཆེན་ས་ལ་ལྷུང་སོང་།
རྗེ་བླ་མས་གྱེས་བྲལ་བཞག་སོང་།
ངའི་ཡ་ཆུང་སྙིང་ཁོང་ནང་ནས།
སེམས་སྡུག་པས་སྙན་ཚིག་འགུག་སོང་། །

ཕྱི་སྣོད་གྱི་འཇིག་རྟེན་འདི་ནས། །
ངའི་ཚེ་གཅིག་སྐྱབས་སའི་བླ་མ། །
ཚེ་མི་རྟག་འདས་ཚུལ་བསྟན་ནས། །
བོད་འགྲོ་བའི་མགོན་ནས་གྱེས་སོང་། །

 
སྤེལ་མཁན། འགྲུ་རིགས་དགེ་བཤེས ip:118.117.164.*
སྤེལ་དུས། 2013-12-19 12:29:30
ཐུགས་རྗེ་ཆེ་བླ་མ་ལགས་ད་དུང་དྲན་ནས་མི་བཟོད་ཀི
 
སྤེལ་མཁན། མིང་མེད། ip:182.130.15.*
སྤེལ་དུས། 2013-12-18 22:18:31
ཐུགས་རྗེ་ཆེ་ཞུ་་་་་་
 
སྤེལ་མཁན། རྗེ་བླ་མ་དྲན་ནས་མི་བ ip:118.117.164.*
སྤེལ་དུས། 2013-12-18 21:21:14
ངེས་དོན་གྱི་སྐར་ཆེན། 

དུག་ལྔའི་སྨག་རུམ་འཁྲིགས་པའི་མི་ཡུལ་གྱི་ཁམས་ལ།།
སྐྱབས་མགོན་གཤེན་རབ་མི་བོའི་སྒོ་གསུམ་གྱི་སྤྲུལ་སྐུ།།
བླ་མ་སྣང་སྟོན་ཆེན་པོའི་ཐུགས་སྲས་སུ་བཞད་པའི།།
རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་མྱ་ངན་ལས་འདས་སོང་།།

ཉེར་གཉིས་ཉི་མའི་གུང་གི་མི་རྟག་གི་མཛད་པ།།
གདུལ་བྱའི་དམར་ཆུང་སྙིང་གི་སྲོན་མེད་ཀྱི་ན་ཟུག།
ངུ་ངག་འདྲེས་མའི་དབྱངས་རྟ་མིག་ཆུ་དང་བསྡོང་ཚེ།།
རྒྱལ་ཚབ་དམ་པའི་བརྩེ་བའི་རང་འོད་དེ་འཚེར་བྱུང་།།

དགུན་གྱི་རྒྱལ་མོ་གྲང་བའི་ཕོ་བྲང་གི་དཀྱིལ་ན།།
རིག་པའི་ལྷ་མཆོག་སྨྲ་སེང་རིགས་ལྔ་ཡི་མདུན་དུ།།
མ་དག་སེམས་ཅན་གདུང་བའི་ཟུག་གཟེར་དེ་སེལ་ཕྱིར།།
བྱམས་བརྩེའི་ཆུ་ཐིགས་ཁྲོད་ཀྱི་སེར་ཆེན་དེ་བཞད་སོང་།།

བྲི་བཀོལ་མེད་པའི་བྱམས་བརྩེའི་དར་དཀར་གྱི་ཨ ལོང་།།
ཞི་བ་མྱང་འདས་ཆེན་པོའི་ཉི་ཟེར་དུ་བསྒྲོན་ཞིང་།།
རྟགས་མཚན་སྣ་དགུ་སྟོན་པའི་མཛད་བཟང་གི་འཁོར་ལོ།།
ཡང་སྤྲུལ་སྨྲ་བའི་དབང་པོར་དར་ལམ་དུ་འཐེན་སོང་།།

བསླབ་གསུམ་ཚུལ་ཁྲིམས་དག་པའི་སྐུ་གདུང་གི་མདུན་ནས།།
མི་ཕྱེད་དད་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་ཞོར།།
མགོ་བོ་ས་ལ་གཞིར་བའི་སེམས་ཅན་གྱི་ཚོགས་ལ།།
ཡང་སྤྲུལ་ཟླ་བ་དཀར་པོའི་འོད་སྣང་འདི་བྲེལ་བ།།


རིག་པའི་མེ་ལྕེ། 

 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།