གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་པ་འགྲེམ་སྤེལ་གནང་བ།
[ཟླ་ཚེས། 2025-11-10 17:25:05][རྩོམ་པ་པོ། འགྲེམ་སྤེལ་པ། དཔོན་ཚང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཀློང་རྒྱས་ཀྱི་འགྲེལ་པ་ཕྲིན་ལས་བཅོ་བརྒྱད་ཀྱི་གསལ་བྱེད་དང་། གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་པ་ལེགས་བཤད་གསལ་བའི་སྒྲོན་མ་ནམ་མཁའི་ནོར་བུ་གཉིས་ཀྱི་འགྲེམ་སྤེལ་གྱི་བརྡ་ཁྱབ།

ཐོག་མའི་གསལ་བཤད།

ཐོག་མའི་གསལ་བཤད།
མི་ཚེ་ཐོས་བསམ་ལ་གཞོལ་ཞིང་རྣམ་དཔྱོད་རིག་གཞུང་ལ་བསྟིམ་པའི་དཔེ་ཀློག་པ་ཞིག་ལ་མཚོན་ནས་བཤད་ན། དཔེ་ཆ་ནི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་བླ་ན་མེད་པའི་རིན་ཐང་ལྡན་པ་ཞིག་ཡིན་ངེས་ལ། དེ་བས་ཤེས་རབ་ཀྱི་དབལ་སོ་རྣོ་ཞིང་བརྩོན་འགྲུས་ཀྱི་སྤོབས་པ་བརྟན་པའི་སློབ་གཉེར་བ་རྣམས་དང་གྲོང་ཆོག་ལ་དུས་རྒྱུན་འགྲིམ་པའི་བོན་གཤེན་རྣམས་ལ་དཔེ་དེབ་འདི་ཚོ་མེད་ན་མི་རུང་བ་ཞིག་ཡིན་ཕྱིར་ད་ལན་གཉོས་ཚུལ་ཁྲིམས་རྒྱལ་མཚན་དང་སྨན་རིའི་མཁན་ཆེན་ཀུན་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས་མཛད་པའི་ཀློངས་རྒྱས་འགྲེལ་དང་ཀློངས་རྒྱས་རྩོད་སྤོང་འདི་གཉིས་ཀྱི་དཔེ་ཆ་འདི་དཀོན་པ་དང་སློབ་གཉེར་བ་དང་བོན་གཤེན་རྣམས་ལ་མེད་དུ་མི་རུང་བ་ཞིག་ཡིན་ཕྱིར་ད་ལན་སྟབས་བདེའི་ཚུལ་དུ་དཔེ་བསྐྲུན་བྱེད་ཡོད། དེབ་འདི་ཉིད་དཔར་སྐྲུན་ཞུས་པའི་དགེ་བའི་ཚོགས་གང་མཆིས་མཐའ་ཡས་སེམས་ཅན་མ་ལུས་སྐུ་གསུམ་གྱི་གོ་འཕང་མྱུར་དུ་ཐོབ་པ་དང་། སངས་རྒྱས་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་གང་ན་སུ་བཞུགས་རྣམས་ཀྱིས་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་རྒྱུ་རུ་འགྱུར་བའི་བསྔོ་སྨོན་དང་བཅས།




འབྲེལ་ཡུལ། 17784549798
