སྤུ་རྒྱལ་ཤེས་རིག་དཔྱད་གླེང་རྩོམ་དེབ་འདོན་ཐེངས་བདུན་པ་དང་བརྒྱད་པ་འགྲེམ་བརྡ།

[ཟླ་ཚེས། 2025-08-12 21:07:20][རྩོམ་པ་པོ། སྒང་སྲས་དམུ་རྒྱལ་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །སྤུ་རྒྱལ་ཤེས་རིག་དཔྱད་གླེང་རྩོམ་དེབ་འདོན་ཐེངས་བདུན་པ་དང་བརྒྱད་པ་ལེགས་གྲུབ་བྱུང་བའི་འགྲེམ་སྤེལ་གསར་བརྡ།

སྤུ་རྒྱལ་ཤེས་རིག་དཔྱད་གླེང་རྩོམ་དེབ་འདོན་ཐེངས་བདུན་པའི་མདུན་ཤོག །

སྤུ་རྒྱལ་ཤེས་རིག་དཔྱད་གླེང་རྩོམ་དེབ་འདོན་ཐེངས་བདུན་པའི་དཀར་ཆག །

སྤུ་རྒྱལ་ཤེས་རིག་དཔྱད་གླེང་རྩོམ་དེབ་འདོན་ཐེངས་བརྒྱད་པའི་མདུན་ཤོག །

སྤུ་རྒྱལ་ཤེས་རིག་དཔྱད་གླེང་རྩོམ་དེབ་འདོན་ཐེངས་བརྒྱད་་པའི་དཀར་ཆག །

    ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤེས་དཔལ་ལ་སྣང་ཆེན་དགོས་པའི་སྲིད་བཟང་འོག་མི་དམངས་ཀྱི་འཚོ་བ་དང་། མི་རིགས་ཀྱི་རིག་གནས་ཉིན་བཞིན་གོང་འཕེལ་འགྲོ་བའི་རྒྱུད་རིམ་ནང་དུ། མཁས་དབང་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་རིན་པོ་ཆེ་མཆོག་གཙོས་པའི་ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་བླ་མ་དགེ་བའི་བཤེས་གཉེན་རྣམ་པ་འགའ་ཞིག་གི་ཤེས་འཇོན་ལ་བརྟེན་ནས། དགེ་བཤེས་དང་། མཁན་པོ། བཤད་གྲྭ་བ་སོགས་གྲྭ་བཙུན་རིག་གནས་པའི་སྡེ་དང་། བཙུན་མའི་ཤེས་ཡོན་པའི་སྡེ་ཁག  དེ་བཞིན་དུ་ཕྱོགས་མཐའ་ཁག་གི་རིགས་པ་སྨྲ་བའི་སྡེ་འཛིན་ཁག་དང་། འབུམ་རམས་པའི་ཡོན་གནས་ཅན་གྱི་དགེ་རྒན་དང་། དེ་བཞིན་ཡུལ་མི་རྒན་གྲས་གནའ་བོའི་ཆོ་རབས་དང་ལག་ཤེས་སོགས་ལ་མཁས་པ་དང་། སློབ་གྲྭ་ཆེ་འབྲིང་གི་སློབ་མ་དང་། དམངས་ཁྲོད་ཀྱི་ན་གཞོན་ཤེས་ཡོན་པའི་སྡེ་ཁག་སོགས་སྤྱངས་ཐོབ་ཀྱི་ཡོན་ཏན་ལ་གོམ་གང་མདུན་སྤོས་ཀྱི་བླང་བྱ་ལེན་མཁན་རྣམ་པ་ཐུན་མོང་གི་སྤྱོད་བྱར་གྱུར་པ 《སྤུ་རྒྱལ་ཤེས་རིག་དཔྱད་གླེང》ཟེར་བའི་གླེང་སྟེགས་ཤིག་གྲུབ་མཐའ་རིས་མེད།  སེར་སྐྱ་རིས་མེད། ཕོ་མོ་རིས་མེད་དེ་རིས་མེད་གསུམ་གྱི་སྒོ་ནས་བསྐྲུན་ཏེ་སྤྱི་ལོ་༢༠༢༤ལོའི་བར་བགྲོ་གླེང་ཐེངས་བརྒྱད་འཚོགས་ཟིན་པ་རེད། ད་ཐེངས་བགྲོ་གླེང་ཐེངས་བདུན་པ་དང་། བརྒྱད་པ་སྟེ།  སྐབས་གསུམ་པའི་བགྲོ་གླེང་ཐེངས་དང་པོ་དང་གཉིས་པ་ཡང་རེད། དེ་འབྲེལ་གྱི་འཆར་གཞི་དང་དེ་སྔོན་གྱི་ལག་སྟར་ཇི་བཞིན། རྩོམ་ཡིག་དག་ཀྱང་ཕྱོགས་གཅིག་ཏུ་བསྡུས་ཏེ། ངེད་རྩོམ་སྒྲིག་པ་དག་གིས་དཀོན་པའི་དུས་ཚོད་མང་པོ་བེད་སྤྱད་དེ་རྩོམ་ཡིག་དེ་རྣམས་ཞུ་དག་དང་། པར་སྒྲིག་གི་ལས་གཞི་དང་འགྲེམ་སྤེལ་གྱི་ལས་ཀ་རབས་དང་རིམ་པར་བསྒྲུབས་དང་སྒྲུབ་བཞིན་པ་ལྟར་གྲུབ་ནས། འདིར་ལོར་སྐབས་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྐབས་དང་བསྟུན་ནས་འགྲེམ་འཆར་ལགས་སོ། །
 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།