《གབ་འགྲེལ་མེས་པོའི་ངག་རྗེས》ཞེས་པའི་ཚིག་མཛོད་པར་སྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2023-11-04 08:27:45][རྩོམ་པ་པོ། གངས་ཅན་རིག་མཛོད་དྲ་བ།][རྩོམ་ཁུངས། གངས་ཅན་རིག་མཛོད་དྲ་བ།][ཀློག་གྲངས། ]

  ཉེ་ཆར། ཀུན་ཁྱབ་ཀླུ་བྱམས་ལགས་ཀྱིས་སྒྲིག་རྩོམ་བྱས་པའི《གབ་འགྲེལ་མེས་པོའི་ངག་རྗེས》ཞེས་པའི་ཚིག་མཛོད་འདི་ཉིད་སི་ཁྲོན་མི་རིགས་དཔེ་སྐྲུན་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

  ཚིག་མཛོད་འདི་ཉིད་ཀྱང་བོད་རང་གི་དག་ཡིག་ཕལ་མོ་ཆེ་རྣམས་དང་ཡོངས་སུ་མཐུན་པར་ཀ་མད་ལྟར་བསྒྲིགས་ཡོད་ཅིང་། མ་ཚིག་བསྡོམས་པས་བདུན་སྟོང་ལྷག་བསྡུས་ཡོད་པ་རྣམས་ནི་གཙོ་ཆེར་ཏུན་ཧོང་གཏེར་ཡིག་དང་བོད་ཀྱི་རྡོ་རིང་ངོས་ཀྱི་ཡི་གེ་སོགས་ཡིག་རྙིང་ཁག་དང་། སྤྱོད་འཇུག་ཆེན་མོའི་རྩ་འགྲེལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བཀའ་ཆེམས་ཀ་ཁོལ་མ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། བེའུ་བུམ་སྔོན་པོའི་རྩ་འགྲེལ། དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པ། མི་ལའི་རྣམ་མགུར་སོགས་བོད་ཁམས་ཡོངས་སུ་སྐད་གྲགས་ཆེ་བའི་རིམ་བྱོན་མཁས་པ་དག་གིས་རང་རང་གི་ཡུལ་སྐད་དུ་བརྩམས་ཤིང་བཀྲལ་བའི་གསུང་རྩོམ་དག་ལས་བསྒྲུགས་པ་ཡིན་ལ། དེའི་ཁར་ཨ་མདོའི་ཡུལ་སྐད་ཁྲོད་ཡབ་མེས་རིང་ནས་རྒྱུན་བསྲིངས་ཏེ་བཤད་དང་འཆད་བཞིན་པའི་མིང་བརྡ་རྩ་ཆེན་མང་པོ་ཞིག་ཡོད་པ་ལ་ད་ལྟའི་བར་ཡི་གེ་དག་མོ་འབྲི་སྲོལ་བྱུང་མེད་པ་ཁག་ཅིག་ཀྱང་བསྡུ་སྒྲུག་བྱས་ནས་དཔྱད་པ་ཕྲ་ཞིང་ཞིབ་མོས་དེ་དག་ལ་སྒྲ་དོན་དང་མཐུན་པར་ཡི་གེའི་གཟུགས་རིས་འགོད་ཁུལ་བྱས་ཡོད་པས། དེས་ཀྱང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་མིང་བརྡ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བར་ཕན་ནུས་ཐོན་སྲིད་པ་གདོན་མི་ཟ་སྙམ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།