དཔྱད་བརྗོད་དེབ་གསར«བཀའ་རྟགས་ཕྱག་རྒྱ་བཞི་ཡི་དཔྱད་འགྲེལ»ཞེས་པ་འགྲེམ་སྤེལ་བྱས།

[ཟླ་ཚེས། 2022-01-17 09:06:11][རྩོམ་པ་པོ། སྨྱུག་སྒྲོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དཔྱད་བརྗོད་ཀྱི་དེབ་གསར་༼བཀའ་རྟགས་ཕྱག་རྒྱ་བཞི་ཡི་དཔྱད་འགྲེལ་༽ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

འདི་ནི་ཤར་གྱི་སྐྱ་རེངས་གསར་པའི་མདངས། །

ཁྱེད་ཀྱི་མདུན་ལྕོག་གཙང་མའི་སྟེང་དུ་འཁྱིལ། །

ཁ་མངར་སྐྱུར་གསུམ་བྲོ་བ་ལན་ཅིག་མྱོངས། །

ཁྱེད་ཀྱི་མི་ཚེའི་གོམ་ཁ་བསྒྱུར་བར་ངེས། །

  བོད་ལྗོངས་ཆབ་མདོའི་སྨན་མདའི་ཕྱོགས་ནས་འཚར་ལོངས་བྱུང་བའི། དེང་རབས་ཀྱི་ན་གཞོན་བསམ་བློ་བ་༧མང་རི་འཇམ་དབྱངས་ཚུལ་ཁྲིམས་ཀྱི་རྩོམ་དེབ་གསུམ་པ། ཉེ་ཆར་དུས་རབས་ཀྱི་གསར་རྩོམ་《བཀའ་རྟགས་ཕྱག་རྒྱ་བཞི་ཡི་དཔྱད་འགྲེལ》འདི་ཉིད་བོན་བན་གཉིས་ཀའི་བཀའ་ལུང་ཚད་མ་ནས་གསུངས་པར་གཞིར་བཅོལ་ཏེ་བོན་བན་ནམ་གྲུབ་མཐའ་རིས་སུ་མ་ཆད་པའི་སྒོ་ནས་དཔྱད་བརྗོད་འཐུས་སྒོ་ཚང་གཤིས། འདི་འདྲ་ཞིག་སྔ་ན་མེད་པས་སྟོང་ཆ་ཞིག་གསར་དུ་ཁ་སྐོང་ཞིང་། འགྲེལ་བཤད་གནད་ལ་ཁེལ་བར་མཛད་འདུག་པ་མ་ཟད། ཉེ་ཆར་དུས་རབས་ཀྱི་གནད་དོན་མང་པོ་ཞིག་འཆད་འདུག་པས། སློབ་གཉེར་བ་དང་སྐྱ་སེར་རིས་སུ་མ་ཆད་པ་དང་། ཁྱད་པར་དུ་མི་སེར་རྣམས་ཀྱིས་ཀྱང་འདི་ལ་གསན་གཟིགས་ཡག་པོར་མཛོད་དང་གོ་རྟོགས་སད་དེ་འགྱུར་ལྡོག་བཟང་པོ་ཞིག་ཐེབ་ངེས་རེད་འདུག་ཅིང་། དེས་ན་འདི་དག་མ་ཀློག་ན་ཐབས་མེད་རེད་འདུག་ཟེར་ན་ཐལ་མི་ཆེ་བ་ལྟ་བུ་སྟེ། འོག་ནས་དཀར་ཆག་སོགས་ལ་གཟིགས་དང་གསལ་ངེས་སོ།།



  སྤྱིར་ན་ཁོང་ཉིད་སྤྱིར་ན་གཞུང་ལུགས་ཀུན་ལ་སྤྱན་དཀྱུས་རིང་ཞིང་། ཁྱད་པར་དུ་བོན་བན་གཉིས་ཀྱི་རིག་གཞུང་ལ་དོ་སྣང་ཆེ་སྟེ། ཡང་ཁྱད་དུ་སྒྲིག་སྦྱོར་ལག་ལེན་ལ་ཉམས་མྱོང་ལྡན་ཏེ། དེ་སྔོན་དཔེ་དེབ་ཉི་ཤུ་ལ་ཉེ་བར་ཇུས་འགོད་དང་སྒྲིག་སྦྱོར་མཛད་ཅིང་། སྒོས་སུ་ཁོང་གི་ལས་ཀ་ཞིབ་ཚགས་ཅན་དང་སྤུས་ཀ་ཅན་ཡིན་སྟབས། ནམ་རྒྱུན་གསུངས་ཡ་ལ། རྒྱུ་སྡུག་ག་ཅན་ལས་ལེ་མིན་ཞེས་པས། ད་ལན་གྱི་དཔེ་དེབ་འདི་ཉིད་ཀྱང་དག་ཆ་ཅན་དང་། རྒྱུ་སྤུས་ཀ་ཅན་ཏེ་ཧ་ཅང་ཡག་པོར་དཔར་འདུག་པའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།