གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་མཐར་ཕྱིན་སློབ་མའི་དཔྱད་རྩོམ་ཕྱོགས་བསྒྲིགས་པར་དུ་བསྐྲུན་པ།

[ཟླ་ཚེས། 2019-10-17 16:25:59][རྩོམ་པ་པོ། བབ་བཟོ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་མཐར་ཕྱིན་སློབ་མའི་དཔྱད་རྩོམ་ཕྱོགས་བསྒྲིགས་པར་དུ་བསྐྲུན་པ།

     དེ་ཡང་སངས་རྒྱས་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་མང་པོ་ཞིག་ཉམ་རྒུད་དུ་གྱུར་བ་ནི་བོད་མི་རིགས་རང་གིས་བཟོས་པའི་ནག་ཉེས་སུ་གྱུར་བ་དང་ལྷག་པར་རང་རེ་བོད་པ་མང་པོ་ཞིག་སྦྲ་འདབས་སུ་གཉིད་ལ་ཁུག་བཞིན་དཀོན་མཆོག་གིས་མཁྱེན་ཟེར་ནས་རྨོངས་དད་རྐྱང་རྐྱང་གིས་མི་ཚེ་རྫོགས་བཞིན་པའི་སྐབས་དང་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཤེས་རུང་དོན་མེད་དུ་འདོད་པའི་སྐབས་འདིར་མི་རིགས་གཞན་དང་སློབ་གྲྭ་གཞན་པ་རྣམས་ནི་བསམ་བློའི་གོ་རྟོགས་ཇེ་རྒྱས་སུ་སོང་ནས་འཛམ་གླིང་གསར་བ་དང་ཀྲུང་གོ་གསར་བའི་ཕུག་འདུན་དུ་གྱུར་བ་ལགས་ན། ཤ་ཡི་གསེང་དང་རུས་པའི་རྐང་ནས་བོད་མི་རིགས་ཀྱི་ཟུངས་ཁྲག་དྲོན་མོའི་བཞུར་རྒྱུན་མ་ལྷོད་པའི་སྙིང་སྟོབས་ཅན་གྱི་ན་གཞོན་པ་འགའ་ཞིག་སྟེ་2019ལོའི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་མཐར་ཕྱིན་སློབ་མ་བཅུ་བདུན་གྱི་རང་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་བཏོན་པའི་ཐེག་པ་ཆེན་པོ་གསང་བ་སྔགས་དང་བླ་མེད་རྫོགས་པ་ཆེན་པོའི་སྐོར་གྱི་དཔྱད་དེབ་ཅིག་སྤེལ་བས། མཁྱེན་ལྡན་རྣམ་པས་ཚིག་དོན་གང་ཅིའི་ཐད་ལ་ཡོ་སྲང་གི་ལྷུ་ལག་བསྒྲིག་རྒྱུ་དང་།དཔྱད་ནོར་དང་ཡིག་སྐྱོན་སོགས་མང་དུ་ཡོད་ངེས་པས་བཀུར་བ་འོས་པའི་མཁས་དབང་རྣམས་ལ་བཟོད་གསོལ་ཞུ་བ་ཡིན་ལགས།

  དེབ་འདི་བླུ་ཡོན་དུ་སྒོར་10ཡིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།