སྙན་དེབ་«གཡོ་བའི་ཚོན»པར་བསྐྲུན་གནང་བ།

[ཟླ་ཚེས། 2018-09-15 10:17:09][རྩོམ་པ་པོ། མིའུ་གདོང་དྲུག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1536977894851814.jpg
དཔེ་ཆ་ཞིག་ངོ་སྤྲད་པ།

   <<གཡོ་བའི་ཚོན>>ནི་ཕ་ཡུལ་སྡེ་དགེ་ནས་ཡིན་པའི་མིའུ་གདོང་དྲུག་གི་ཉེ་བའི་ལོ་ཤས་ནང་བྲིས་པའི་སྙན་ངག་ལེགས་ཤོས་རྣམས་བདམས་ཏེ་ཕྱོགས་བསྒྲིགས་བྱས་པའི་སྙན་དེབ་གཉིས་པ་དེ་ཡིན། ཁོང་གི་སྙན་དེབ་དང་པོ་ནི་ཀློག་པོ་མང་པོ་ཞིག་ལ་རྒྱུས་མངའ་ཧ་ཅང་ཆགས་པའི<<གཡོ་བའི་དར་ལྕེ>>ཞེས་པ་དེ་ཡིན། ང་ནི<<གཡོ་བའི་དར་ལྕེ>>ཀློག་མྱོང་མཁན་ཞིག་ཡིན་པས། ཐེངས་འདིར་པར་སྐྲུན་བྱས་པའི<<གཡོ་བའི་ཚོན>>དེ་ཀློག་པར་ཧ་ཅང་བྲེལ་བཞིན་ཡོད།

1536977894137994.jpg

     སྙན་ངག་ཅིག་མིའུ་གདོང་དྲུག་ཡིན་ལ་དེ་ནི་ཉི་འོད་ཀྱི་དར་ཐག་འཐེན་པའི་ཞོགས་པའི་གངས་རི་ཞིག་སྟེ། འོད་ཟེར་གྱི་ཚོན་རིས་དེ་དག་པུར་གྱིས་བྲིས་པའི་འོད་ཟེར་གྱི་བདེ་བ་རེ་རེ་ཡིན་པར་སྣང་ན། ཚོར་བའི་ཁམས་སུ་སྣང་བའི་འཆར་ཡན་གྱི་ལོ་མ་རེ་རེ་སྐབས་རེར་སྤྲིན་དཀར་ཡིན་ལ། སྐབས་རེར་མེ་ཏོག་ཏུ་འགྱུར་བཞིན་ཡོད་པས། དུས་སྐད་ཅིག་མའི་ནང་དུ་ངས་འདི་ལྟར་བསམ་བཞིན་ཡོད་དེ། གལ་སྲིད་སྤྲུལ་འགྱུར་དུ་མ་དང་ལྡན་པའི་སྙན་ངག་གི་ཚོར་བ་མཐའ་དག་སྟོང་བ་འོད་གསལ་བ་དེ་ཡིན་ན། སྟོང་བའི་ངོ་ལ་གཡོ་བའི་ཁྱད་མཚར་བའི་ཁ་དོག་མཐའ་དག་གངས་རིའི་མིག་ཟུང་འགུལ་བ་ཅི་ལ་མིན།

1536977894727839.jpg

   སྙན་ངག་ཅིག་མིའུ་གདོང་དྲུག་གི་སྐད་གདངས་དེ་ཡིན་ན། སྐད་ཀྱི་གདངས་སུ་འཕྱོ་བའི་མཚར་གྲོང་གི་ཤེས་བྱ་མཐའ་དག སྙན་ངག་གི་རྣམ་ཤེས་སུ་བསྒྲིགས་པའི་བར་དོའི་སྣང་བ་ཡིན་པས། སྒྲ་འོད་ཀྱི་སྣང་བ་དང་། སྙན་པ། ཟེར་བ། འཇིགས་སྐྲག་མཐའ་དག་རང་འོད་རང་ཉིད་ཡིན་པར་ངོས་ཟིན་བྱུང་བ་ནི། གཡོ་བའི་ཚོན་དུ་བཏབ་པའི་དམ་རྩི་དེ་ཇི་བཞིན། དམ་རྩི་དེས་ཁྱོད་ཉིད་གཏན་དུ་མིའུ་གདོང་དྲུག་དང་མཉམ་དུ་སྦྱར་ཡོད།

ཀ་ཤུལ་བསོད་རིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།