༢༠༡༧ལོའི་མུ་ཁྲི་བཙན་པོ། སྤྱི་དེབ་བཅུ་གཅིག་པ།

[ཟླ་ཚེས། 2018-03-08 11:50:17][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༢༠༡༧ལོའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ།
སྤྱིའི་དེབ་བཅུ་གཅིག་པ།

1520482084148889.jpg
མདུན་ཤོག
1520482084106116.jpg

མདུན་ཤོག་ནང་མ།
1520482084108052.jpg
༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་རབས་དང་པོ་༧མཁན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེས་གནང་བའི་རྟེན་འབྲེལ་ཤིས་ཚིག
1520482509329709.jpg

དུས་སྐབས་གསར་བའི་ནང་གདོང་དམར་བོད་ཀྱི་ཕ་ཆོས་གངས་ཅན་བོན་ལ་རྒྱལ་སྤྱིའི་ཞིབ་འཇུག་སྐོར་ཕྱོགས་ཙམ་བརྗོད་པ།

གླེང་གཞིའི་ཚབ་ཏུ

ཤར་བ་ཐོགས་མེད།

   ཉིན་ཁ་ཤས་སྔོན་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་གཙོ་སྒྲིག་པ་དགེ་བཤེས་རིན་སྤུངས་ཚུལ་བསྟན་ནས་ཡིན་གཅིག་མིན་གཉིས་2017ལོའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་ལ་གླེང་གཞི་ཞིག་འབྲི་རོགས་ཞེས་བཀས་སྐུལ་གནང་བ་ལ། ཀུན་གྱིས་ཤེས་གསལ་ལྟར་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་མུ་ཁྲི་བཙན་པོ་ནི་2007ལོར་དབུ་བརྙེས་པ་ནས་བཟུང་ད་ལྟའི་བར་དེབ་ཕྲེང་བཅུ་ཕྲག་ལྷག་གི་གྲངས་ཟིན་པ་མ་ཟད། མཁས་དབང་བརྒྱ་ཕྲག་ལྷག་གི་དགོངས་པའི་ཉིང་བཅུད་འདུས་ལ། དེ་ཕྱིར་ང་འདྲ་བས་གླེང་གཞི་འབྲི་དགོས་ན་དཀའ་གནད་གཉིས་མངོན་སུམ་ཚད་མར་གྲུབ་འདུག གཅིག་ན་མུ་ཁྲི་བཙན་པོ་ལ་ལྟོས་ནས་བཤད་ན་ང་རང་ཉིད་ལ་གླེང་གཞི་འབྲི་བའི་ཆུ་ཚད་མེད་པ་དང་གཅིག གཉིས་ན་དགེ་བཤེས་རིན་སྤུངས་ཚུལ་བསྟན་ལ་སྐུ་ངོ་ལྡོག་མི་བཟོད་པ་དང་གཉིས་ཀྱིས་སོ། །ཁྱད་པར་དུ། འདིའི་སྔོན་ཁོ་བོས་འགན་ཁུར་མྱོང་བའི་རྒྱལ་ཁབ་རིམ་པའི་ལས་གཞི་གཡུང་དྲུང་བོན་གྱི་བཀའ་བརྟེན་ཆེན་མོའི་གཞུང་པོད་ཡན་ལག་དག་བྱེ་བྲག་ཏུ་ངོ་སྤྲོད་པའི་ལས་མཐར་ཕྱིན་པའི་ཆེད་དུ། དགེ་བཤེས་རིན་སྤུངས་ཚུལ་བསྟན་དང་། རྟོགས་ལྡན་བསྐལ་ཁོ། ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་བཅས་ནས་ལས་གཞིའི་འགོ་མཇུག་བར་གསུམ་དུ་ལྷག་བསམ་རྣམ་དག་གི་སྒོ་ནས་རྒྱབ་སྐྱོར་བླ་ན་མེད་པ་གནང་བྱུང་བ་སོགས་འདི་འདྲ་བའི་དཀའ་གནད་གཉིས་ཀྱི་གཞི་བྱས་ཐོག་སྐད་ཆ་ཚིག་གསུམ་མི་འབྲི་ཐབས་མེད་བྱུང་བས་ན། སྤྱི་ལོ་2000ཚུན་ཆད་དུས་སྐབས་གསར་བའི་ནང་གདོང་དམར་བོད་ཀྱི་ཕ་ཆོས་གངས་ཅན་བོན་ལ་རྒྱལ་སྤྱིའི་ཞིབ་འཇུག་སྐོར་ཕྱོགས་ཙམ་བརྗོད་ན་ཕན་ཤས་ཆེ་སྙམ་བྱུང་། འདི་ལ་རྒྱལ་སྤྱིའི་ཞིབ་འཇུག་ལ་ཁྱད་ཆོས་སྤྱི་དང་། བྱེ་བྲག་ཞིབ་འཇུག་བྱས་འབྲས་དཔེ་བརྗོད་དངོས་བཅས་གཉིས་ཀྱི་སྒོ་ནས་གླེང་བ་ལ།

   དང་པོ། ཀུན་གྱིས་ཤེས་གསལ་ལྟར། འདིའི་སྔོན་རིགས་མཐུན་གྱི་བརྩམས་ཆོས་དཔེར་ན་ཕྱི་རྒྱལ་མཁས་དབང་ཕེ་ཁེ་ཝེ་ནོ་མཆོག་གི་བོན་ཆོས་ཞིབ་འཇུག་གི་འདས་མ་འོང་ད་ལྟ་དང་། རྒྱལ་ནང་ཀྲུང་གོ་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་འབྲུག་མོ་ལགས་ཀྱི་ལོ་ངོ་བཅུའི་རིང་གི་བོན་ཆོས་ཞིབ་འཇུག་བཅས་ཡོད། འོ་ན། དུས་སྐབས་གསར་བའི་ནང་གདོང་དམར་བོད་ཀྱི་ཕ་ཆོས་གངས་ཅན་བོན་ལ་རྒྱལ་སྤྱིའི་ཞིབ་འཇུག་ཐད་འབུར་དུ་ཐོན་པའི་ཁྱད་ཆོས་གང་དང་གང་ཡོད་དམ་ཟེར་ན། སྔོན་ཆད་བོན་ནི་ཕྱི་རྒྱལ་མཁས་དབང་རྒན་པ་དག་གི་ཞིབ་འཇུག་བྱེད་པའི་ཡུལ་ཞིག་ཏུ་གྱུར་ཡོད་ན་ཡང་དེང་སང་རྒྱལ་ཁབ་ཕྱི་ནང་མེད་པར་མཁས་པ་རྒན་གཞོན་དག་གི་ཞིབ་འཇུག་བྱེད་པའི་ཡུལ་དུ་གྱུར་འདུག སྔོན་ཆད་བན་བོན་གྱི་ཐུན་མོང་ཁྱད་ཆོས་ཙམ་ཞིབ་འཇུག་གི་ཡུལ་ཏུ་གཙོས་སུ་འཛིན་ན་ཡང་དེང་སང་བོད་རང་གི་ཡབ་མེས་ཀྱི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་ཀྱི་ཁྱད་ཆོས་ཅན་གྱི་ཞིབ་འཇུག་གི་ཡུལ་ཏུ་གྱུར་འདུག  སྔོན་ཆད་གཡུང་དྲུང་བོན་གྱི་ལོ་རྒྱུས་ལུགས་སྲོལ་ཙམ་དུ་ཞིབ་འཇུག་གི་ཡུལ་ཏུ་གཙོས་སུ་འཛིན་ན་ཡང་དེང་སང་ཞང་ཞུང་གི་སྐད་དང་བོན་གྱི་ཆོ་ག་ཐང་ག་མཆོད་རྟེན་ལ་སོགས་བྱེ་བྲག་རིག་ཚན་ཞིབ་འཇུག་གི་ཡུལ་ཏུ་གྱུར་འདུག སྔོན་ཆད་གཞུང་ལས་དགེ་རྒན་ལ་སོགས་པ་ཆེད་ལས་དག་གིས་ཞིབ་འཇུག་བྱེད་པའི་ཡུལ་ཞིག་ཏུ་གྱུར་ཡོད་ན་ཡང་དེང་སང་དགོན་སྡེ་གྲྭ་སའི་དགེ་བཤེས་དང་བཅས་པའི་བོད་པ་རྩམ་ཟན་གྱི་རིག་གནས་གཉུག་མར་མོས་མཐུན་ཡོད་མཁན་ཀུན་གྱི་ཞིབ་འཇུག་གི་ཡུལ་ཏུ་གྱུར་འདུག སྔོན་ཆད་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་ཙམ་ཞིབ་འཇུག་གི་ཡུལ་ཏུ་གཙོས་སུ་འཛིན་ན་ཡང་དེང་སང་རྒྱ་བོད་འདབས་འབྲེལ་སོགས་ནས་གསར་རྙེད་བྱུང་བ་དང་བཅས་པའི་གངས་ཅན་བོན་གྱི་བསྟན་བཅོས་ཡོད་དོ་ཅོག་ཞིབ་འཇུག་བྱེད་པའི་ཡུལ་ཏུ་གྱུར་འདུག སྔོན་ཆད་མི་རེ་འགའ་ཞིག་གིས་ཡི་གེ་པར་བྲིས་ཙམ་གྱི་ཞིབ་འཇུག་བྱེད་པའི་ཐབས་དེ་གཙོས་སུ་གྱུར་ན་ཡང་དེང་སང་མཉམ་ལས་མཉམ་འབྲེལ་མཐུན་ཚོགས་དང་དྲྭ་ལས་དྲྭ་རྒྱ་ལ་སོགས་པ་ཞིབ་འཇུག་གི་ཐབས་རྣམས་བཀོལ་གྱིན་འདུག  སྔོན་ཆད་བོན་ནི་བོད་པ་རྩམ་ཟན་ཁོ་ནའི་ཕ་ཆོས་སུ་བསམ་ནས་ཞིབ་འཇུག་བྱེད་ན་ཡང་དེང་སང་དེའི་འཁོར་དུ་གྱུར་བའི་མི་རིགས་སྤུན་ཟླ་ཀུན་གྱི་ཆོས་ལུགས་རིག་གནས་དང་སྦྲགས་ནས་ཞིབ་འཇུག་བྱེད་བཞིན་འདུག

   གཉིས་པ། གོང་ཞུ་ཁྱད་ཆོས་དེ་དག་གསལ་བར་བྱེད་པའི་དཔེར་བརྗོད་ལ། གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་ལ་སོགས་པའི་དུས་དེབ་དང་ལོ་དེབ། དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་ཞིབ་འཇུག་པའི་དཔྱད་རྩོམ། དཔར་སྐྲུན་ཁང་དག་གིས་དཔར་ཏུ་བསྐྲུན་པའི་དེབ་ཕྲེང་། ཞིབ་འཇུག་ལྟེ་གནས་དང་དགོན་པ་ཁག་དང་དེ་བཞིན་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་དྲྭ་ཚིགས་ལ་སོགས་པ་ཡོད། དེ་དག་གཟིགས་སྟབས་བདེ་བའི་ཆེད་དུ་ཁོ་བོའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་རྣལ་འབྱོར་ཚེ་རིང་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མ་གཡུང་དྲུང་དོན་འགྲུབ་གཉིས་ཀྱིས་རྒྱལ་ནང་གཙོས་བྱས་པའི་དཀར་ཆག་བསྡུ་སྒྲིག་བྱས་པ་ཟུར་གསལ་༼མཆན། ལོ་དེབ་འདིའི་ཤོག་ངོས་༨༣ལ་གསལ།༽ལྟར་རོ། །

ཞེས་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་གླེང་གཞིའི་ཚབ་ཏུ་ཤར་བ་ཐོགས་མེད་ཀྱིས་༢༠༡༧་༡༠་༢༠བྲིས་པའོ།

1520482084112338.jpg
1520482084133914.jpg
བོད་ཡིག་དཀར་ཆག
1520482084100892.jpg
1520482084130472.jpg
རྒྱ་ཡིག་དཀར་ཆག
1520482085384445.jpg
རྒྱབ་ཤོག་ནང་མ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།