«གཡུང་དྲུང་བོན་གྱི་ཞལ་འདོན་ཕྱོགས་བསྒྲིགས»དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་པ།

[ཟླ་ཚེས། 2017-03-03 15:34:22][རྩོམ་པ་པོ། བསོད་ནམས་བཀྲ་ཤིས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

138637232592798753.jpg
«གཡུང་དྲུང་བོན་གྱི་ཞལ་འདོན་ཕྱོགས་བསྒྲིགས་དགོས་འདོད་ཀུན་འབྱུང»དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་པ།

1-2苯教颂词汇编-1.jpg

1-2苯教颂词汇编-2.jpg
1-2苯教颂词汇编-3.jpg
1-2苯教颂词汇编-4.jpg

    ཉེ་སྔོན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས«གཡུང་དྲུང་བོན་གྱི་ཞལ་འདོན་ཕྱོགས་བསྒྲིགས་དགོས་འདོད་ཀུན་འབྱུང»དངོས་སུ་པར་སྐྲུན་ལེགས་འགྲུབ་བྱུང་འདུག དེབ་འདིའི་ནང་དུ་གཡུང་དྲུང་བོན་གྱི་བོན་ཆོག་རྣམས་ལས་ཉེ་བར་མཁོ་བའི་རྒྱུན་མཁོའི་ཞལ་འདོན་ཕྱོགས་གཅིག་ཏུ་བསྒྲིགས་ཡོད་པར་མ་ཟད། བོན་གྱི་ཞལ་འདོན་པར་གཞི་མི་འདྲ་བ་དག་ལ་ཟུར་ལྟ་བྱས་ཏེ་གསོལ་འདེབས་སྨོན་ལམ་དང་སྒྲུབ་གཞུང་བསྐང་གསོལ་སོགས་གྲྭ་ས་དང་མཐུན་པར་བྱས་ནས་ལེགས་ཆ་བསྡུས་ཡོད། ནང་དོན་ཕུན་སུམ་ཚོགས་ཤིང་ཞུ་དག་སྤུས་དག་ཡིན་པའི་ཁྱད་ཆོས་ལྡན། འདི་ནི་མིག་སྔར་རྒྱལ་ནང་དུ་དཔེ་སྐྲུན་བྱས་པའི་གཡུང་དྲུང་བོན་གྱི་ཞལ་འདོན་དཔེ་ཆ་ཐོག་མ་དེ་ཡིན།
    དཔེ་ཆ་འདིའི་དཔེ་སྐྲུན་གྱི་མགོ་མཇུག་བར་གསུམ་དུ་གཡུང་དྲུང་བོན་གྱི་བླ་སྤྲུལ་དང་དགེ་བའི་བཤེས་གཉེན་རྣམས་ཀྱིས་རོགས་རམ་དང་རྒྱབ་སྐྱོར་གང་ལེགས་ཐོབ། དེ་ལས་དཀར་ཆག་སྒྲིག་སྐབས་མཁས་པའི་དབང་པོ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དང་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན། སྨན་རིའི་དགེ་བཤེས་བསྟན་འཛིན་འབྲུག་གྲགས་སོགས་ཤེས་ལྡན་དུ་མས་མཛུབ་སྟོན་གནང་བ་དང་། ཞུ་དག་བྱེད་དུས་མཁར་ནག་སྐལ་བཟང་རྒྱ་མཚོ་དང་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས། བོན་སྔགས་དོན་གྲུབ་རྒྱལ། ཁྲི་བསོད་བསྟན་སོགས་ཀྱིས་དཀའ་ཁག་ལ་མ་འཛེམ་པར་ལན་གྲངས་དུ་མར་ཞིབ་གཟིགས་གནང་རོགས་བགྱིས་པ་དང་། གཞན་ཡང་བོན་སྔགས་སོ་ནག་བསྟན་པ་དང་དགེ་བཤེས་རིན་སྤུངས་ཚུལ་བསྟན་སོགས་ཀྱིས་རམ་འདེགས་བྱས་པར་སྙིང་ནས་གུས་པས་ཐལ་མོ་སྦྱར་བའོ།།

ཞེས་དཔེ་སྒྲིག་པས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།