བོན་གྱི་འབྱུང་ཁུངས་འདོན་ཐེངས་གཉིས་པ་འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2016-03-27 17:41:11][རྩོམ་པ་པོ། བཀྲ་ཤིས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གཡུང་དྲུང་བོན་དང་འབྲེལ་བའི་རྒྱ་ཡིག་ལོ་དེབ་༼བོན་གྱི་འབྱུང་ཁུངས་༽སྤྱིའི་འདོན་ཐེངས་གཉིས་པ་པར་བསྐྲུན་འགྲེམ་སྤེལ་གནང་བ། 00.jpg

   རྒྱ་ཡིག་གི་ལོ་དེབ་{བོན་གྱི་འབྱུང་ཁུངས}་འདོན་ཐེངས་གཉིས་པ་པར་བསྐྲུན་བྱས་ཟིན་པའི་ཁྲོད། ནང་དོན་གྱི་སྒྲིག་གཞི་དང་པོ་ནི། ཞང་བོད་ཀྱི་ལོ་རྒྱུས་དང་ཅི་ཞིག་ལ་བོན་ཟེར་བ་སོགས་ལེའུ་ཚན་པ་ཚན་དང་པོ་དང་།བོན་འབངས་ཡོངས་ཀྱི་སྐྱབས་མགོན་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དང་གཏེར་སྟོན་མ་མཁའ་སྤྱོད་དབང་མོ་སོགས་ཀྱི་རྣམ་ཐར་གྱི་ལེའུ་ཚན་པ་གཉིས་པ་དང་། གསུམ་པ་ནི་རྒྱ་ནག་གི་དད་ལྡན་རྣམས་ཀྱིས་བོན་གྱི་བླ་མ་དང་བོན་དགོན་སོགས་རང་ཉིད་ཀྱི་མཐོང་ཐོས་སྐོར་ཇི་མ་ཇི་བཞིན་དུ་བྲིས་པའི་དཔྱད་རྩོམ་དག་གིས་གྲུབ་པའི་ལོ་དེབ་ཅིག་ཡིན་པ་རེད། གཙོ་སྒྲིག་བྱས་པའི་ཐད་ལ་འཐུས་མ་ཚང་བ་དང་ནོར་བ་ནི་ཡོད་ངེས་པས། ཚང་མས་སྤྱན་སྔ་རུ་བཟོད་གསོལ་མཐོལ་གཤགས་འབུལ་ལགས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།