སྙན་ངག་ཆེད་བསྒྲིགས«གཙང་གཤེན་བཞད་སྒྲ»པར་སྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2015-08-28 11:36:55][རྩོམ་པ་པོ། ཁྲི་བསོད་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1111.jpg

སྙན་ངག་ཆེད་བསྒྲིགས«གཙང་གཤེན་བཞད་སྒྲ»ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

--------------------------------------------------------------------------------
དཔེ་མིང༌། གཙང་གཤེན་བཞད་སྒྲ།
གཙོ་སྒྲིག་པ། ཁྲི་བསོད་བསྟན།
འགྲེམ་སྤེལ་མཁན། ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས།
འགྲེམ་སྤེལ་དུས་ཚོད། སྤྱི་ལོ2015ལོའི་ཟླ8པར།

--------------------------------------------------------------------------------

ཀློག་པ་པོ་ལ་སྤྲིངས་པའི་གཏམ།

ཁྲི་བསོད་བསྟན།
--------------------------------------------------------------------------------

     བོད་ཀྱི་གནའ་བོའི་ཡིག་ཐོག་རྩོམ་རིགས་སྔ་ཤོས་ཀླུ་འབུམ་དཀར་ནག་ཁྲ་གསུམ་དང་སྲིད་པ་སྤྱི་མདོས། དུས་རབས་བརྒྱད་པར་གཙང་གཤེན་སྙན་ངག་མཁས་པ་པི་ཝང་ཅན་ལ་བསྟན་པའི་གསང་བ་ཤེལ་གྱི་མེ་ལོང་གི་འཕྲིན་ལས་ཆེས་ཆེར་དར་བའི་སྐུ་དྲིན་ལས། བོད་ཡུལ་གྱི་ལྗོངས་སུ་རྗོད་བྱེད་ངག་རྩལ་གྱི་ཉམས་མཚར་བོ་སྟོན་པའི་སྙན་ངག་གི་ཤེས་རིག་འདི་ཆུ་ལམ་ཞུགས་དང་རྡོ་ལག་བརྒྱུད་ཀྱིས་ཚུལ་དུ་གསོ་སྐྱོང་དང་དར་སྤེལ་བྱུང་ཡོད་པ་ནི་བསྙོན་དུ་མེད་པའི་དུས་རབས་ཀྱི་འཕེལ་རྒྱས་ཤིག་ཡིན་པ་གོར་མ་ཆག

     རྩོམ་རིགས་འཕོ་འགྱུར་གྱི་དུས་མཚམས་སུ། སྙན་ངག་གི་བྱུང་བ་སོགས་རྒྱ་གར་ལ་གཏུགས་གང་ཐུབ་བྱེད་ཀྱི་ཡོད་པ་འདི་ཀོ་ཆབ་སྲིད་ཀྱི་དགོས་མཁོ་ཙམ་ལས་དངོས་ཡོད་ལྡན་པའི་ལོ་རྒྱུས་ཤིག་མ་ཡིན་པ་ནི་གཟུར་གནས་མཁས་པ་དག་གིས་སྔ་མོ་ནས་སྨྲས་ཚར་ཞིང་། བོན་སྔ་རབས་པའི་མཁས་གྲུབ་ཉིས་ལྡན་གྱི་སྐྱེས་ཆེན་དག་གི་ཞལ་རྒྱུན་ལུ་མའི་དྲོད་ཁོལ་མ་ཡལ་པའི་སྙན་ངག་གཞུང་ལུགས་ཀྱི་ཉིང་བཅུད་ཁྲོད། རྗོད་བྱེད་ཀྱི་ཚིག་ཉུང་ཞིང་བརྗོད་བྱའི་དོན་ཕུན་སུམ་ཚོགས་པའི་གཙང་གཤེན་རིང་ལུགས་དཀར་པོའི་སྙན་ངག་གི་རོ་ཉམས་མངའ་བའི་རྩོམ་གཞི་སུམ་ཅུ་ལྷག་ཕྱོགས་གཅིག་ཏུ་བསྡེབས་ཏེ་སྙན་ངག་ལག་དེབ«གཙང་གཤེན་བཞད་སྒྲ»ཞེས་པ་དག་ཞུ་གོང་བསྒྲིགས་སུ་ལེགས་པོར་གྲུབ་པར་བྱས་ཡོད།

     སྙན་ངག་ལག་དེབ«གཙང་གཤེན་བཞད་སྒྲ»ཞེས་པ་ནི་ལོ་ངོ་དུ་མར་རྩོམ་སྒྲིག་བྱས་པའི«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱིའི་དེབ་གྲངས་ལྔ་བ་ནས་བཅུ་གཅིག་པའི་བར་གྱི་ཐུན་མོང་བའི་སྙན་ངག་རྣམས་ཕྱོགས་བསྒྲིགས་བཅས། རང་ཉིད་ཀྱི་ལས་ཀའི་བསྡོམས་བྱང་དང་སྔར་བྱས་ཀྱི་གྲུབ་འབྲས་ཅི་ཡོད་རང་གཞན་དཔྱོད་ལྡན་དགྱེས་པའི་གསོས་སྨན་ཙམ་དུ་འགྲེམ་སྤེལ་དཔར་སྐྲུན་བྱས་པ་ཞིག་ཡིན། སྙན་ངག་ཕྱོགས་བསྒྲིགས་ཀྱི་དཀར་ཆག་གོ་རིམ་དེ་ཡང་ལོ་དེབ་འགྲེམ་སྤེལ་གྱི་སྔ་གཞུག་ལས་ར་སྤྲོད་ཐུབ་པར་བྱས་ཡོད་པ་དང་དེབ་འདིའི་འཚར་ལོངས་ལ་གཟིགས་རྟོག་དང་རྒྱབ་སྐྱོར་བྱེད་མཁན་གྱི་བློས་ཐུབ་གྲོགས་པོ་འགའ་ལ་ཆེད་དམིགས་ཀྱིས་ཐུགས་རྗེ་ཞུ་རྒྱུ་ཡིན་ཞེས།

གྱི་ན་བ་ཁྲི་བསོད་བསྟན་དུ་འབོད་པས་«ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས»སུ་སྤྱི་ལོ2015ཟླ7ཚེས1ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།