བསྡུས་རྟགས་ཚད་གསུམ་སྐོར་གྱི་མཚན་མཚོན་ཕྱོགས་བསྒྲིགས།

[ཟླ་ཚེས། 2015-08-27 13:40:39][རྩོམ་པ་པོ། ལོག་པར་སྨྲ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

309818507211443199.jpg

     ལོ་ངོ་སྟོང་ཕྲག་དུ་མའི་གོང་རོལ་ནས་མེས་པོ་བཀའ་དྲིན་ཅན་དག་གིས་དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་ལ་མ་འཛེམས་པར་དཀའ་སྤྱད་འབད་བརྩོན་དང་རང་རང་གི་བློ་གྲོས་ཀྱི་རྩལ་ལས་བཏོན་པའི་ཚད་མ་རིག་པའི་གཞུང་ལུགས་ནི། གང་ཟག་སོ་སོའི་རྒྱུད་ཀྱི་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་ཐམས་ཅད་སེལ་བྱེད་ཀྱི་སྒྲོན་མེ་དང་ཡང་དག་པའི་དོན་ངེས་པར་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡང་དག་གོ།
     དེའི་ནང་ནས་ཀྱང་གཞུང་རང་རང་གི་དཀའ་གནད་གྲོལ་བྱེད་ཀྱི་ལྡེ་མིག་ནི༼མཚན་མཚོན༽དེ་ཡིན་ལ། སྤྱིར་མཚན་ཉིད་ཞེས་པ་ནི། མིང་ངམ་ཐ་སྙད་ངོས་འཛིན་བྱེད་ཞིག་དང་། མཚོན་བྱ་ཞེས་པ་ནི། དེ་ལ་བརྟེན་ནས་འདི་དང་འདི་འོ་ཞེས་ངོས་འཛིན་བྱར་གྱུར་པ་ཞིག་དང་། མཚན་གཞི་ཞེས་པ་ནི། མཚན་མཚོན་སྐྱོན་མེད་གཉིས་ཀ་ངེས་སའི་རྟེན་གཞིར་གྱུར་པ་ལ་གོ
     སྤྱིར་ནང་པ་བའི་བོན་སྒོ་འམ་ཆོས་སྒོར་ཞུགས་མཁན་དག་ལ་མཚོན་ན་མེས་པོ་བཀའ་དྲིན་ཅན་དག་གིས་སྣོད་ཀྱི་སྐྱོན་སོགས་སྤངས་པ་དང་འཚེ་མེད་ཞི་བདེའི་ཆེད་དུ་འདུ་ཤེས་དྲུག་དང་དུ་བླངས་ནས་གསུངས་པས་གསུང་རྩོམ་རྣམས་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཁྱད་མེད་དོ། །དེ་ལ་ལྷག་པར་དུ་ང་ཚོ་གྲྭ་བཙུན་དག་ལ་མཚོན་ན་དེ་དག་ལ་སྦྱང་བརྩོན་དང་སློབ་གཉེར་བྱ་རྒྱུ་ནི་ལྡོག་ཏུ་མེད་པའི་འོས་འགན་ཞིག་དང་འདི་ཕྱི་གཉིས་ཀ་འཚོ་ཐབས་ཀྱི་ཐབས་སོ།།
     དེའི་ཕྱིར་ན། རང་གིས་རྒྱལ་བའི་གཞུང་ལུགས་ལ་ཐོས་བསམ་བྱེད་ཞོར་དུ་མཁན་ཆེན་བསྡུས་གྲྭ་དང་དཔོན་སློབ་རྟགས་རིགས་དང་བོན་གྱི་སྤྱན་ལྡན་ཆེན་མོའི་ཚད་མ་ཀུན་བཏུས་དང་རྗེ་སྨན་རི་བའི་ཚད་མ་རྣམ་འབྱེད་སོགས་བོན་གྱི་གཞི་རྩའི་ཡིག་ཆ་ཁ་ཤས་ལས་གལ་ཆེ་བའི་མཚན་མཚོན་རྣམས་ཕྱོགས་སུ་བསྒྲིགས་ཏེ་གསར་སྐྱེས་སློབ་བུ་རྣམས་ཀྱིས་ཡིག་ཆ་བློ་ལ་འཛིན་བདེ་དང་དཔེ་ཆ་ལ་བལྟ་བདེ་ཅན་དུ་བཏང་བའི༼བསྡུས་རྟགས་ཚད་གསུམ་སྐོར་གྱི་མཚན་མཚོན་ཕྱོགས་བསྒྲིགས༽ཞེས་པ་འདི་བསྒྲིགས་པ་ཡིན།
     ཚིག་གི་སྤྲོས་པ་ཆེ་ཞིང་དགག་གཞག་དང་རྩོད་སྤང་མང་པོ་ཞིག་གནང་ཡོད་པའི་ནང་ནས་བླངས་པ་ཡང་ཡིན་ནོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།