གཡོ་བའི་དར་ལྕེ།--མིའུ་གདོང་དྲུག

[ཟླ་ཚེས། 2015-07-20 21:35:53][རྩོམ་པ་པོ། ཀ་ཤུལ་བསོད་རིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

801004108603314701.jpg

ལོ་མའི་སྙན་ངག་གླེང་བ།

      “ཆར་བ་འབབ་སྐབས/ང་ཚོ་རྒྱལ་རོང་དུ་ཡོད/ ”ཧ་ཅང་བབས་ཆགས་པའི་དགོན་པ་དེ་ན་ང་ཚོས་སྙན་ངག་གི་བསིལ་གྲིབ་གླེང་བཞིན་བསྡད་ཡོད། ས་སོས་ཀྱི་རི་ལུང་གི་བར་སྟོང་ན་སྐྱེས་སྟོབས་ཀྱི་དཔལ་འབར་བའི་ལོ་མའི་སྙན་ངག ཆུ་ཡི་སྙན་ངག སྤྲིན་གྱི་སྙན་ངག ང་ཚོས་བྲིས་པའི་སྙན་ངག་མཐའ་དག་ནི་ཇི་འདྲའི་དྭངས་གཙང་ཞིག་ཡིན་ཨང་།
      མིའུ་གདོང་དྲུག་ནི་རུས་པ་འཆའ་བའི་སྙན་ངག་པ་ཞིག་ཡིན། དེའི་དོན་ནི་ཧུར་བརྩོན་བྱེད་ཤེས་པའི་སྙན་ངག་པ་ཞེས་པ་དེ་ཡིན། ཁོའི་སྙན་ངག་ཅིག་ཏུ“ངའི་མལ་ཁྲི་སྟེང་དུ་དཔེ་ཆ་ཞིག་ན་འདུག/ ན་བ་དེ་སྒྱུ་རྩལ་མ་རྙེད་པས་ཡིན་ནམ/  ཡང་ན་ཨ་མ་དྲན་པས་ཡིན/”དཔེ་ཆའི་བར་གསེབ་ནས་ཚོར་བ་དེ་འདྲ་རྙེད་ཐུབ་པ་ལས་སླ་བོ་ཞིག་མིན་ལ། དེ་འདྲའི་ཚོར་བ་མངའ་བའི་སྙན་ངག་པ་མིའུ་གདོང་དྲུག་ཆེས་ན་ཆུང་བའི་དུས་རབས་ནས་སྙན་ངག་འབྲི་ཐུབ་པ་བྱུང་། ཁྱོད་ཀྱིས་ཀློག་མི་ཐུབ་པའི་སྙན་ངག་འབྲི་ཐུབ་པ་བྱུང་། དེའི་དོན་ནི་སྙན་ངག་ནི་ཆེས་མཐོ་བའི་ཤེས་རབ་ཀྱི་ལྷན་ཐབས་ཤིག་ཡིན་པས་ན། ཆེས་སྤྱིར་བཏང་གི་མི་ཡིས་བཀླགས་ཀྱང་ཧ་གོ་རྒྱུ་མེད་པ་དེའོ།།
      དར་ལྕེ་རླུང་གིས་བསྐྱོད་པ་དགོས་ངེས་ཤིག་ཡིན་ཡང་། 《གཡོ་བའི་དར་ལྕེ》རླུང་གིས་བསྐྱོད་པ་དགོས་མེད་ཅིག་ཅི་ལ་མིན། དེ་ནི་ཁྱེད་ཀྱིས་གོ་བར་ལྟར་བཤད་ན《གཡོ་བའི་དར་ལྕེ》རླུང་གིས་མ་བསྐྱོད་ཀྱང་གཡོ་ཐུབ་པའི་དར་ལྕེ་སྟེ། སེམས་ཀྱི་གཏིང་རུམ་དུ་མངའ་བའི་རྟོག་ལྗོངས་ཀྱི་འགྱུ་བ་དེ་རེད། རྟོག་ལྗོངས་ནི་ལོ་མའི་ཚལ་གྲོང་དུ་བཤད་ཆོག་པའི་རྒྱལ་རོང་གི་རི་བོ་དག་སྟེ། དེ་རུ་གདོད་མའི་རྩམ་དྲི་དང་མར་དྲི་མ་ཡལ་བའི་ཆེས་གནའ་བོའི་དུས་ཀྱི་བོད་ཀྱི་མང་པོ་ཞིག་ལྷག་ཡོད། དེའི་རྒྱུ་མཚན་གྱིས་ཁྱོད་ལ་སྐྱེན་པའི་ཚོར་བ་ཡོད་ན《གཡོ་བའི་དར་ལྕེ》ལྟ་བུའི་སྙན་ངག་རྒྱལ་རོང་ནས་འབྲི་ཐུབ།
      “ངས་ཐ་སྙད་ཀྱི་བར་གསེང་ནས/ ཕ་ཡུལ་གྱི་རྨོ་མོ་དྲན་གྱིན་ཡོད/”ཅེས་པ་ལྟ་བུ་སྟེ་གཞན་གྱི་ཐ་སྙད་དུ་རང་གི་ཚོར་བ་འཇོག་ཐུབ་པའི་སྙན་ངག་པར་གྱུར་ཚར་དུས་སམ། ཡང་ན་གཞན་གྱི་སྐད་ཆ་ལས་རང་ཉིད་སློང་བར་བྱ་ཐུབ་པའི་སྙན་ངག་གི་རྟོག་པ་མངའ་དུས། ད་གཟོད་མིའུ་གདོང་དྲུག་གི་སྙན་ངག་ལས་ཁྱེད་ཉིད་རྟོག་པས་ཕྱུག་ཐུབ་པར་ངེས། ཚོར་བས་སྐྱེན་ཐུབ་པར་ངེས། ཡིད་བརྙན་གྱིས་ཚ་བར་ངེས།

བོན་རིག་ཉམས་ཞིབ་པ་ཀ་ཤུལ་བསོད་རིན་ནས། 2015/7/1ཉིན་སྦྱར།

33(1)-3.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།