༢༠༡༥ལོའི་༼འཕན་ཆུ་སྔོན་མོའི་རང་སྒྲ་༽འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2015-02-09 16:00:55][རྩོམ་པ་པོ། ཤེས་རབ་རབ་གསལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མཛོད་དགེ་མདའ་ཆེན་དགོན་གཡུང་དྲུང་བཤད་སྒྲུབ་དར་རྒྱས་གླིང་གི་༢༠༡༥ལོ་དེབ་སྤྱིའི་དེབ་དང་པོ་༼འཕན་ཆུ་སྔོན་མོའི་རང་སྒྲ༽འགྲེམ་སྤེལ་གནང་བ།
封面.jpg
མདུན་རྒྱབ་ཀྱི་པར་རིས།
封面3.jpg
01.png
ནང་ངོས་ཀྱི་པར་རིས།
1.jpg2.jpg
3.jpg32.jpg

སྔོན་འགྲོའི་གཏམ།

   ཕྱི་སྣོད་འཇིག་རྟེན་དུས་བཞིའི་འགུལ་སྐྱོད་ཀྱི་ཆོ་འཕྲུལ་ལྟར་ཡུལ་དུས་ཀྱི་འགྱུར་བ་རབ་ཏུ་མྱུར་ཞིང་། ནང་བཅུད་སྐྱེ་འགྲོའི་དྲན་རྟོག་མི་བརྟན་གློག་གི་ཟླ་བོར་གྱུར་དང་འགྱུར་བཞིན་པའི་དུས་རབས་ཉེར་གཅིག་པའི་ནང་དུ་སླེབས་པ་ན། མིའི་རིགས་ཡོངས་ཀྱིས་མཐུན་སྒྲིལ་དང་ཞི་བདེ། དམངས་གཙོ་དང་རང་དབང་། བདེ་སྐྱིད་དང་འདྲ་མཉམ་སོགས་མ་བགྲོས་གཅིག་མཐུན་གྱིས། ལྟོགས་པས་ཟས་དང་སྐོམ་པས་ཆུ་འདོད་པ་ལྟར་ཡིད་ལ་བརྣགས་ཏེ་གདུང་འབོད་ཀྱི་སྐད་གསང་ཇེ་མཐོར་སྒྲོག་བཞིན་ཡོད་པ་འདིར། མི་མང་མང་གིས་རྫོགས་ལྡན་གསར་བ་སླར་ཡང་བསུ་བའི་སྐྱ་རེངས་དང་། དཔྱིད་དཔལ་མངོན་པར་འདྲེན་པའི་ཁུ་བྱུག་སྔོན་མོའི་མགྲིན་དབྱངས་སུ་རྟོགས་ཏེ། སྤྱི་མཐུན་ལས་ཀྱི་བསོད་ནམས་བཟང་པོའི་འབྲས་བུ་ད་གཟོད་མི་འགྱང་བར་སྨིན་ནས་མྱང་འདས་གཉིས་པའི་གྲོང་ཁྱེར་དུ། བདེ་སྐྱིད་ཟད་པ་མེད་པར་ལོངས་སུ་སྤྱོད་པ་ལ་ཡུན་མི་རིང་སྙམ་པའི་གདེང་འཇོག་བྱེད་བཞིན་ཡོད།
   འོན་ཀྱང་དུས་རབས་གསར་རྙིང་གཉིས་ཀྱི་བསྣོལ་མཚམས། མི་རབས་གསར་རྙིང་གཉིས་ཀ་འདུས་མཚམས། བསམ་བློ་གསར་རྙིང་གཉིས་ཀ་འདྲེས་མཚམས་སུ་གང་ཞིག་བདེན་རྫུན་དང་ལེགས་ཉེས་དབྱེ་མི་ཤེས་པའི་འགལ་བ་དུ་མས་ཡོངས་སུ་ཁེངས་ཤེང་། ཅི་ཞིག་ཚད་མར་རུང་མིན་གྱི་རྙོག་འཛིང་རབ་ཏུ་ཆེ་ནའང་། མི་མང་མང་གིས་རང་དབང་སྨྲ་བརྗོད་དང་རང་དབང་གླེང་སྟེགས་ཀྱི་དར་ཆ་ཐོགས་ནས། སྨྱུ་གུ་འཛུགས་ཤེས་པ་ནས་བཟུང་རྩོམ་རིག་དང་རྩོམ་སྒྲིག་གི་ལས་ལ་འབད་ཅིང་། དོན་གྱི་རྗིད་ཚད་ལྡན་མིན་པར་མ་བལྟོས་པར་དགུན་གྱི་འཁང་སྐྱ་འཚུབ་པ་བཞིན་དུས་དེབ་མང་པོ་འགྲེམ་སྤེལ་བྱེད་ཀྱིན་ཡོད་པའི་སྐབས་འདིར། ངེད་མདའ་ཆེན་དགོན་གཡུང་དྲུང་བཤད་སྒྲུབ་དར་རྒྱས་གླིང་གིས་ཀྱང༼འཕན་ཆུ་སྔོན་མོའི་རང་སྒྲ༽ཞེས་པའི་དེབ་འདི་ཐེངས་དང་པོ་པར་དུ་བསྐྲུན་ནས་ཀློག་པ་པོ་རྣམ་པའི་སྤྱན་ལམ་དུ་ཕུལ། དེའང་ཁྲོན་པའི་ནང་གི་སྦལ་བས་མེ་ཏོག་ཆུང་ཡང་ལྷ་རྫས་སུ་དམིགས་པའི་ལྷག་བསམ་དཀར་པོས། རང་གི་ཆུ་ཚད་ལས་བརྒལ་བའི་འགན་འཁྲི་མི་ཐེག་བཞིན་དུ་འཁྱར་འཁྱོར་གྱི་གོམ་པའི་འདེབས་འཇོག་བསྒྱུར་དགོས་བྱུང་ཕྱིར། སྐྱོན་དང་ནོར་འཁྲུལ་ཡོད་པ་སྨྲ་མ་དགོས་པས་གཟིགས་པ་པོ་རྣམས་ཀྱིས་མི་འགྲིག་པའི་མྱོང་ཚོར་ཅི་མཆིས་སྦ་གསང་མེད་པར་གནང་བར་མཁྱེན་མཁྱེན།

རྩོམ་སྒྲིག་པས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།