མཁན་པོ་ཚེ་རིང་ནོར་བུས་བརྩམས་པའི་ལག་དེབ་གསར་པ་གཉིས།

[ཟླ་ཚེས། 2014-09-23 20:05:00][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་བསྡུས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མཁན་པོ་ཚེ་རིང་ནོར་བུ་ལགས་ཀྱིས་བརྩམས་པའི་ལག་དེབ་གསར་པ་གཉིས་པར་དུ་བསྐྲུན་པ།
45.jpg
ལག་དེབ་དང་པོ་༼  ཉམས་ལེན་དྲིས་ལན་བརྒྱ་རྩ།  ༽
tnret.jpg
ལག་དེབ་གཉིས་པ་༼  བོན་གྱི་དྲིས་ལན་བརྒྱ་རྩ།  ༽

   མཁན་པོ་ཚེ་རིང་ནོར་བུ་མཆོག་གིས་དེ་སྔར་རྒྱ་ཡིག་ཐོག་ནས་《རང་སེམས་མཐོང་བ།》《གྲྭ་བའི་ཟིན་ཐོ།》《རང་ལ་བཤད་པའི་གཏམ།》《རང་གི་མཐོང་ཐོས་ཉམས་མྱོང་།》《བདེ་བའི་རྒྱུ་ཉམས་ལེན།》《བླ་མ་བསྟེན་ཚུལ།》《ཉམས་ལེན་གསང་བའི་ལྡེ་མིག་པོད་གསུམ།》《དེང་རབས་བོན་གྱི་བླ་ཆེན་ཁག་ངོ་སྤྲོད་》འབྲི་མུ་སོགས་དེབ་མང་བོ་བྲིས་ཡོད་ལ། ད་ལན་ཡང་ཁོང་གིས་《ཉམས་མྱོང་དྲིས་ལན་བརྒྱ་རྩ་》དང་། 《བོན་གྱི་དྲིས་ལན་བརྒྱ་རྩ་》ཞེས་ལག་དེབ་ཆུང་བ་གཉིས་བརྩམས་ཏེ་པར་དུ་བསྐྲུན་འདུག དེབ་རེ་རེ་ལ་ཚར་གྲངས་ཆིག་ཁྲི་ལྔ་སྟོང་རེ་ཡོད་པས་ཚང་མས་བོན་གྱི་ཆོས་ལུགས་རིག་གཞུང་ལ་དགའ་ཞེན་དང་ཡིད་ཆེས་ཡོད་པའི་དད་ལྡན་པ་རྣམས་ལ་འབུལ་གྱིན་ཡོད། 《བོན་གྱི་དྲིས་ལན་བརྒྱ་རྩ་》ཡི་ནང་དུ་བོན་གྱི་ལོ་རྒྱུས་དང་། ཐ་སྙད་ཁྱབ་ཁོང་། བོན་གྱི་རིག་གཞུང་དང་སྟོན་པ་གཤེན་རབ་མི་བོ་ཆེ་དང་ཁོང་གི་སློབ་བརྒྱུད་རྣམས་ཀྱི་ངོ་སྤྲོད་སོགས་གནང་འདུག 《ཉམས་མྱོང་དྲིས་ལན་བརྒྱ་རྩ་》ཡི་ནང་ལ་བོན་ལུགས་ཀྱི་ལྟ་བ་དང་ཉམས་ལེན། དད་པ་དང་མོས་གུས་སོགས་ཀྱི་སྐོར་གནད་བསྡུས་ཀྱི་ངོ་སྤྲོད་གནང་འདུག་པའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།