༢༠༡༤ལོའི་༼ གནས་ལྔའི་ཞིང་ས ༽འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2014-07-28 20:14:40][རྩོམ་པ་པོ། རྩོམ་སྒྲིག་ཚོགས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1.jpg
མདུན་ངོས།
2.jpg
པར་ངོས་ནང་མ།
02.jpg
རྒྱབ་ངོས་ནང་མ།
目录-1.jpg
目录-2.jpg
目录-3.jpg
目录-4.jpg
དཀར་ཆག
2.jpg
རྒྱབ་ངོས།

སྔོན་འགྲོའི་གཏམ།

   རྔ་ལྗོངས་བོན་གྱི་འདུས་སྡེ་ཆེན་པོ་རྟོགས་ལྡན་དགོན་དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གྱི་ཞང་ཞུང་རྫོགས་ཆེན་སློབ་གླིང་གིས་འདོན་སྤེལ་བྱེད་བཞིན་པའི་སྣ་འཛོམས་དུས་དེབ་སྟེ་༼གནས་ལྔའི་ཞིང་ས་༽ཞེས་པ་ནི། འཛམ་གླིང་སྟེང་ལོ་རྒྱུས་ཀྱི་ཕུགས་འདུན་རིང་ཞིང་རིག་གཞུང་གི་མ་ལག་ཚང་བའི་སྤུ་རྒྱལ་བོད་ཀྱི་ཆབ་དཔལ་རིག་གསུམ་དར་སྤེལ་དང་རྒྱུན་འཛིན་གྱི་ཕྱོགས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་འཛིན་པའི་དུས་དེབ་ཅིག་ཡིན་ལ། ལོ་རེར་འདོན་ཐེངས་རེ་སྤེལ་བཞིན་པའི་ལོ་དེབ་ཅིག་ཀྱང་ཡིན། 
   དེ་ཡང་རྒྱལ་ཁབ་དང་མི་རིགས་སུ་ཡིན་ཡང་དེའི་ཁོར་ཡུག་ནས་འདོན་སྤེལ་བྱས་པའི་དུས་དེབ་ཅིག་ཡིན་ནས་བཟུང་། གཙོ་བོ་རྒྱལ་ཁབ་དང་མི་རིགས་དེའི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་གི་བྲོ་བ་ཉམས་མི་ཉན་ལ། ལྷག་པར་དུ་རྒྱལ་ཁབ་དང་མི་རིགས་དེའི་གནས་བབས་མཚོན་ཐུབ་དགོས་པ་མ་ཟད་འགན་ཡང་ངེས་པར་དུ་འཁུར་དགོས། རང་རེ་ནང་བའི་དགོན་སྡེ་ཁག་ནས་འདོན་སྤེལ་བྱེད་བཞིན་པའི་དུས་དེབ་ཅིག་ལ་མཚོན་ན་ཡང་འགན་ཁུར་དེ་རིགས་ཅིས་ཀྱང་དང་ལེན་བྱེད་དགོས། དེའི་ཕྱིར་ང་ཚོས་སྔ་རབས་པ་དག་གི་རྐང་རྗེས་བསྙེགས་དགོས་ལ་ཕྱི་རབས་པ་རྣམས་ཀྱི་སྣེ་ཡང་འཁྲིད་དགོས།
   གཞན་དུ་ན་རིག་གནས་འདྲ་མིན་དང་ལྟ་བ་སྣ་ཚོགས་ཀྱི་འགལ་འདུ་ཆེས་ཆེར་རྒོད་པའི་དེང་གི་དུས་སུ། སྤྱི་ཚོགས་དང་དུས་རབས་ལ་འགྱུར་ལྡོག་ཅི་ལྟར་སོང་ཡང་ང་ཚོ་ནི་ནམ་ཡང་སྟོན་པའི་རྗེས་འཇུག་ཡིན་པ་དེ་བརྗེད་མི་ཉན་ལ། ང་ཚོས་འཆད་རྩོད་རྩོམ་གསུམ་གྱི་ཕྱག་ལས་ཅི་ལྟར་མཛད་ཅིང་ར་བ་དེ་ལས་བརྒལ་སོང་ན་རང་ཉིད་ཀྱི་ཁྱད་ཆོས་དེ་མེད་པར་འགྱུར་འགྲོ་བ་རེད། དེ་ལ་ཡང་ཤེས་དགོས་པ་ཞིག་ནི་ང་ཚོས་རང་ལྟ་མཆོག་འཛིན་རྐྱང་རྐྱང་གིས་ཡོད་ཚད་ཆོག་པར་བྱས་ན་ལུགས་གཉིས་ཀྱི་བྱ་བཞག་ཚད་ལྡན་ཞིག་འགྲུབ་དཀའ་བ་དེ་རླབས་ཆེ་བའི་དུས་རབས་འདིས་ང་ཚོར་ངོ་སྤྲོད་བྱས་ནས་ཡོད་པ་སོགས་བླངས་དོར་གྱི་གནད་རྣམས་ཤེས་རྒྱུ་གལ་ཆེ་བར་སྙམ།
   ༼གནས་ལྔའི་ཞིང་ས་༽ཞེས་པའི་དུས་དེབ་འདི་ལ་ལྟ་རྒྱ་དང་མཐོང་རྒྱ་ཆེ་བའི་མཁས་པ་དང་རྩོམ་པ་པོ་གྲགས་ཅན་རྣམས་ལ་རང་རང་གི་རྣམ་དཔྱོད་ངོམ་སའི་ཞིང་ས་ཡོད་ལ། ལས་དང་བོ་བ་དག་ལ་རང་ཉིད་ཀྱི་བསམ་བློ་གླེང་ས་དང་རྩོམ་རིག་གི་ཕྱོགས་ལ་གོམ་པ་རིམ་བཞིན་སྤོ་སའི་གཞི་མ་ཡང་ཡོད་པ་བཅས་སོ།། རྩོམ་པ་པོ་དང་རྩོམ་སྒྲིག་པ་གཉིས་ནི་དུས་དེབ་བསྒྲུབ་པའི་མ་རྩ་ཡིན་པས་རྗེས་སོར་ཡང་ང་ཚོས་དཔུང་བ་མཉམ་གཤིབ་ཀྱིས་བསམ་བློའི་གོ་ས་མཐོན་པོར་འགྲེང་ནས་༼གནས་ལྔའི་ཞིང་ས་༽མུ་མཐུད་དུ་ཀློག་པ་པོ་ཁྲི་སྟོང་གི་ཆུ་བུར་མིག་གི་འབབས་སྟེགས་སུ་བསྟར་བར་འབད་བརྩོན་ལྷོད་མེད་བྱེད་པའི་འབོད་བསྐུལ་དང་དམ་བཅའ་བཅས་རྩོམ་སྒྲིག་ཚོགས་པ་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།