རྫོགས་ཆེན་ཨ་ཁྲིད་ཆེན་མོ་འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2023-03-16 09:19:22][རྩོམ་པ་པོ། དགེ་བཤེས་ཤེས་རབ་ཐབས་མཁས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དཔེ་འགྲེམ་གསལ་བརྡ།
   དེའང་རྫོགས་པ་ཆེན་པོ་གཡས་རུའི་ཨ་ཁྲིད་ཅེས་གྲགས་པའི་གླེགས་བམ་འདི་ཉིད་ད་ལྟ་དངོས་སུ་ལྟ་བདེའི་དེབ་གཟུགས་སུ་བསྐྲུན་ཡོད་པས། དོན་གཉེར་ཅན་རྣམ་པས་ཐུགས་སྣང་ཡོང་བའི་ཆེད་དུ་ཞུས་ཡོང་བ་ཡིན། དེབ་འདིའི་ནང་ཨ་ཁྲིད་དང་འབྲེལ་ཡོད་ད་སྔོན་མཇལ་དཀའ་བའི་དཔེ་དཀོན་འགའ་ཡོད་པ། རྨེའུ་སྒོམ་ཆེན་འདུལ་བ་འཛིན་པ་དམ་པ་རི་ཁྲོད་པའི་རྣམ་ཐར་ལེའུ་ཆུང་མཛད་པ་བཅུ་གཉིས་གྲངས་ལྡན་དང་།  མདོ་དང་སེམས་སྨད་སྡེ་དགུ་ལ་བརྟེན་པ་དགོངས་མཛོད་རི་ཁྲོད་པའི་གསུང་སྲོལ་ཇི་ལྟ་བ་གཏན་ལ་ཕབས་པའི་རྗེ་བཙུན་ཡར་མེ་བའི་ལྟ་སྒོམ་ལམ་རིམ། སྟོད་ལུང་འབྲི་ལུང་དགོན་པའི་བླ་མ་དོན་ལྡན་དམ་པ་ཚུལ་ཁྲིམས་ཤེས་རབ་ཀྱིས་བསྒྲིགས་པའི་གགས་སེལ་གཞུང་། དེའང་ནད་དང་དགེ་སྦྱོར་གཉིས་ཀྱི་གགས་སེལ་བ་གགས་སེལ་ཡོངས་ཀྱི་སྤྱི་སྡོམ་དང་འགྲེལ་པ་ལྟ་བུ་རིན་པོ་ཆེ་རྒྱ་མདུད་ལེའུ་བཅུ་གསུམ། ཤས་ཆེ་ནད་ཀྱི་གགས་སེལ་བ་སྡུག་བསྔལ་ཞི་བྱེད་ལེའུ་བཅུ་གསུམ། དགེ་སྦྱོར་གྱི་གགས་སེལ་བ་ཞལ་གདམས་རིན་པོ་ཆེ་དུམ་དུམ་ཁྲིགས་ལེའུ་བཅུ་གཅིག །གདམས་པ་ཉི་ཤུ་པ་། གཡོར་པོ་མེ་དཔལ་ཅན་ཨ་ཁྲིད་ཐུན་མཚམས་བཅུ་པ་ཡེ་ཤེས་ཟང་ཐལ་དང་འཕོ་བའི་གསལ་འདེབས་བཅས་པ། མན་ངག་འཁོར་ལོ་སྤྱི་སྡོམ། གནད་འདུས་འཁོར་བ་དོང་སྤྲུག་བཅས་གཡོར་མེ་ཅན་དང་།  འགྲོ་མགོན་ཁུ་དབོན་གྱིས་གསུང་པ་བར་དོ་ཆུང་བ་དང་གནད་དོན་བཞི་པ། གགས་སེལ་གྱི་གདམ་པ་མུན་སེལ་སྒྲོན་མ་འ་སྒོམ་བློ་གྲོས་རྒྱལ་མཚན་ཅན། གགས་སེལ་ལུས་སྦྱོང་བྱེད་ལུགས་འ་ཞ་བློ་གྲོས་རྒྱལ་མཚན། རྟོགས་ལྡན་ཉམས་རྒྱུད་ཀྱི་རྣམ་ཐར་རིན་ཆེན་ཕྲེང་བ་བྲུ་མཚུངས་བསོད་ནམས་བློ་གྲོས། གཏམ་རྒྱུད་ནོར་བུའི་ཕྲེང་བ་བྲུ་མཚུངས་མེད་བསོད་ནམ་བློ་གྲོས་ཀྱིས་བསྒྲིགས་པ། ཨ་ཁྲིད་ཀྱི་ས་གཅོད་གསལ་བྱེད་སྒྲོན་མ། ཁྲོ་ཚེ་དབང་རྒྱལ་པོ། ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་རྒྱབ་སྐྱོར་བཅས་པ་བྲུ་སྒོམ་རྒྱལ་བ་གཡུང་དྲུང་། ཨ་ཁྲིད་ཀྱི་རྩ་རླུང་ཞལ་ཤེས། གཤེན་གྱི་དྲང་སྲོང་ཤེས་རབ་རིན་ཆེན་ཅན་ཡིན། དེབ་འདིར་ཤོག་ངོས་གྲངས་བདུན་བརྒྱ་ཉི་ཤུ་འདུག་ལ། སྔ་རབས་པའི་མཁས་གྲུབ་རྣམས་པའི་གསུང་། སྐལ་ལྡན་གང་གི་སེམས་རྒྱུད་སྨིན་ཅིང་གྲོལ་ནུས་པའི་གདམས་པ་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་ཡིན་པས། གཞུང་འདི་དགོས་མཁན་རྣམས་པས་ཟུར་དུ་འབྲེལ་ལམ་བཞག་ཡོད་པ་ལྟར་འབྲེལ་བ་གནང་བར་ཞུ།  ཤེས་རབ་ཐབས་མཁས་ནས།

འབྲེལ་གཏུགས་སྐད་འཕྲིན་བཤེར་རིས།
འབྲེལ་གཏུགས་ཁ་པར།
15889093555

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།