ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་བསྟན་རྩིས་པར་དུ་བསྐྲུན་པ།

[ཟླ་ཚེས། 2018-04-29 20:54:32][རྩོམ་པ་པོ། དགེ་རྩེའི་ཀུན་ཁྱབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1525007067688809.jpg
1525007067125433.jpg

ཀློག་པ་པོ་ལྷན་རྒྱས་ཁམས་བཟང་།

   ཞང་བོད་མཐོ་སྒང་གི་རིག་གཞུང་འདི་ཀོ་རྒྱ་ཆེ་ཞིང་གཏིང་ཟབ་པའི་ནང་དོན་ཕུན་སུམ་ཚོགས་པའི་རང་བཞིན་ཅན་དང་།  སྲོག་ལྡན་སྐྱེ་བོ་ཀུན་དང་ཁ་འབྲལ་ཐབས་མེད་པའི་ནད་བརྒྱ་སྨན་གཅིག་ལྟར་ལགས་པ།  གཟུར་གནས་མཁས་དབང་དག་གིས་བཤད་བཞིན་པའི་སྒང་འདིར།  ལོ་རྒྱུས་སྨྲ་བ་པོ་རྣམས་ལ་ཚད་འཛིན་སའམ་ཞིབ་འཇུག་བྱ་ཡུལ་དཔེ་ཆ་རིན་ཐང་ཅན་ཞིག་བཀླག་རྒྱུ་དགོས་གལ་ཆེ་བ་སྨྲོས་མེད་ཡིན་སྟབས།  ཡ་ཐོག་ཞང་བོད་ཀྱི་ལོ་རྒྱུས་གླེགས་བམ་ཀུན་ལས་ཆེས་ཆེར་འཕགས་པའི་༧སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་ཉེར་གསུམ་པ་སྒོ་སྟོན་ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོས་མཛད་པའི།  <<བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ>>དང་།  <<དོགས་བསལ་པན་ཙ་ལི་ཀའི་ཆུན་པོ>>གཉིས་ལྷན་དུ་བསྒྲིགས་ཏེ་སྟབས་བདེའི་དེབ་གཟུགས་ལམ་ནས་པར་སྐྲུན་ཞུས་ཡོད།  དཔར་རྩ་ནི་གདན་ས་སྨན་རིའི་གླིང་གི་བཤད་སྒྲུབ་འདུས་སྡེས་༢༠༡༣ལོར་པར་སྐྲུན་གནང་བ་དེ་ཉིད་སོར་བཞག་ཐོག་བསྟན་རྩིས་དང་རྣམ་ཐར་འགའ་རེས་ཟུར་བརྒྱན་ཏེ་བསྐྱར་ཞིབ་དང་མཚུངས་བསྡུར་གང་ལེགས་བྱས་ཏེ་མི་འགྱང་བར་ས་གནས་སོ་སོར་འགྲེམ་སྤེལ་བྱ་འཆར་ལགས་ན།  ཁྱེད་ཅག་གིས་དངོས་རྒྱུད་གང་ཐད་ནས་ཐུགས་ཁུར་དང་རྒྱབ་སྐྱོར་ཡོད་པར་མཁྱེན། 

ཞེས་༢༠༡༨/༤/༢༨/ཉིན་དགེ་རྩེའི་ཀུན་ཁྱབ་པས།

1525007067168125.jpg1525007067132981.jpg
IMG_3030.JPG
བླུ་ཉོ་བྱེད་ཡུལ།  ཤར་རྫ། སྣང་ཞིག ཁྱུང་པོ་སྟེང་ཆེན། རྩེ་དྲུག བླ་ཁྲི་གཡུ་རིའི་བཤད་གྲྭ།  ཁྱུང་དཀར་དཔོན་རྒན་དགོན།
འབྲེལ་གཏུགས་ཁ་པར།  ༡༧༨༠༨༩༥༨༨༥༥
                            ༡༣༥༦༨༦༧༨༣༨༨
                             ༡༨༣༨༣༦༥༣༣༩༨
སྐད་འཕྲིན།        g1780958855

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།