ཚད་མ་རིག་པའི་རྣམ་གྲངས་གསལ་བཤད་འགྲེམ་སྤེལ་བྱས།

[ཟླ་ཚེས། 2016-10-03 08:24:41][རྩོམ་པ་པོ། ཧོར་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

640.jpg

 ཉེ་ལམ། ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཧོར་རྣམ་རྒྱལ་ལགས་ཀྱིས་བསྒྲིགས་པའི་༼ཚད་མ་རིག་པའི་རྣམ་གྲངས་གསལ་བཤད།༽ཅེས་པའི་དཔེ་དེབ་འདི་དཔེ་སྐྲུན་ཀྱི་བྱ་བ་རྣམས་ལེགས་པར་གྲུབ་སྟེ་ད་ལྟ་སྤྱི་ཚོགས་ཐོག་འགྲེམ་སྤེལ་བྱས་ཡོད།

086C36EC0B6EFF396728A0F39CAEA3D7.jpg

   འདི་ནི་འུ་ཅག་རྒྱལ་བའི་གཞུང་ལུགས་ལ་ཐོས་བསམ་བྱེད་པའི་སློབ་གཉེར་བ་ཞིག་ལ་མཚོན་ནས་བཤད་ན།ངོ་མ་རིན་ཐང་ལྡན་ཞིང་བཀླག་དོན་ཡོད་པའི་ངེས་དོན་བསྟན་པའི་གསལ་བྱེད་ཅིག་རེད། ལྷག་པར་དུ་རྒྱལ་བའི་གཞུང་ལུགས་མང་པོའི་གནད་རྩ་གཅིག་ཏུ་བསྡུས་ཤིང་བཀའ་ལུང་རིག་པའི་རྣམ་གྲངས་ལ་འཇུག་པ་ཧ་ཅང་བདེ་བའི་ཡོན་ཏན་མང་པོ་ཞིག་འདི་ན་ཐིངས་ཡོད་པ་སོགས་དཔེ་དེབ་འདིར་དགེ་མཚན་མང་དུ་མཆིས།

3B507BA0E99124E6DD1681CA5B398093.jpg

   མདོར་ན་དགེ་བའི་བཤེས་གཤེན་ཧོར་རྣམ་རྒྱལ་མཆོག་གིས་མི་ལོ་དུ་མའི་རིང་ལ་མཁས་པའི་བྱ་བ་གསུམ་གྱི་བར་གསེང་ནས་བཙལ་ཞིང་རྒྱལ་བའི་གཞུང་ལུགས་མང་པོའི་དགོངས་དོན་ལྟར་བཏུས་པའི་ཚད་མ་རིག་པའི་རྣམ་གྲངས་གསལ་བྱེད་ཅེས་པའི་དཔེ་དེབ་འདིའི་དགེ་མཚན་ཆེན་པོ་ཞིག་ནི། སྤྱི་ཚོགས་དང་དགོན་སྡེ་སོ་སོ་ནས་སློབ་གཉེར་བྱེད་པའི་སློབ་མའི་སྡེ་དང་དགེ་རྒན་གྱི་སྡེ་སོགས་ལ་དམིགས་ཀྱིས་མཁོ་བའི་དཔེ་དེབ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་དེ། རྒྱུ་མཚན་བརྗོད་བྱ་དོན་ཚང་ཞིང་བརྗོད་གཞི་ཁུངས་བཙན་པའི་གཞུང་ཆེན་མང་པོ་ཡུན་གྱིས་བཀླགས་ཏེ་ཁོང་གིས་མི་ལོ་དུ་མའི་རིང་དུ་བཏུས་པ་ཞིག་ཡིན་པ་ལས།གྲངས་ཀ་བཀང་ཐབས་དང་རྒྱུས་མེད་འོལ་ཚོད་ཙམ་གྱིས་ཚིག་ཉོག་གཅིག་ཀྱང་མ་བཏུས་པས་སོ། །

151B3C489C8675F45145EAAED7C1C229.jpg

   འདི་ལྟ་བུའི་ཚད་མ་རིག་པའི་རྣམ་གྲངས་གསལ་བྱེད་བསྡུ་སའི་གཞུང་ལུགས་གཙོ་བོ་ནི། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་གཞུང་ཁྲིད་རྣམས་གཞིར་བཟུང་སྟེ། སྨྲ་དབང་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་སུམ་ལྡན་སྡུད་གྲྭ་དང་། དཔོན་སློབ་ཡོན་ཏན་རྒྱ་མཚོའི་རྟགས་རིགས་ཀྱི་དགོངས་དོན་གསལ་བར་བཤད་པ་གཏན་ཚིགས་རིགས་པའི་རྣམ་བཞག རྗེ་རིན་པོ་ཆེའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ། སྟོན་པ་གཤེན་རབ་ཀྱི་ཐེག་འགྲེལ་མེ་ལོང་དགུ་སྐོར།དཔོན་སློབ་སངས་རྒྱས་བསྟན་འཛིན་གྱི་མཚན་ཉིད་གསུམ་གྱི་རྣམ་བཞག་ག་པུར་ཐིགས་པ། རྗེ་རིན་པོ་ཆེའི་ས་ལམ་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ།དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེའི་ཁམས་ཆེན་པོ་བརྒྱད་དང་མཚོན་བྱེད་ཞེ་ལྔའི་རྣམ་བཞག ཀུན་མཁྱེན་ཉི་མ་བསྟན་འཛིན་དང་ཡོངས་འཛིན་རྣམ་དག་འོད་ཟེར་ཟུང་གི་ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་སྐབས་བརྒྱད་དང་། རྗེ་རིན་པོ་ཆེའི་དབུ་མ་བདེན་གཉིས་ཀྱི་འགྲེལ་བ། རྗེ་རིན་པོ་ཆེའི་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ། རྗེ་རིན་པོ་ཆེའི་འདུལ་བ་མདོར་བསྡུས། དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསང་སྔགས་བཀའ་འགྲེལ་སོགས་རྒྱལ་བའི་བཀའ་དང་བཀའ་བརྟེན་མང་པོ་ཞིག་ལ་གཞི་བཅོལ་ཏེ་བསྒྲིགས་པ་ཞིག་རེད།

9DA526900355C30352F45497CA508419.jpg
རྩོམ་པ་པོ་དགེ་བཤེས་ཧོར་རྣམ་རྒྱལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།