མཁའ་སྤྱོད་དབང་མོའི་མཛད་རྗེས་ལ་བསྔགས་པ།

[ཟླ་ཚེས། 2023-04-19 10:02:32][རྩོམ་པ་པོ། སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


༄༅།།སྨོན་རྒྱལ་གཏེར་ཆེན་མཁའ་སྤྱོད་དབང་མོའི་མཛད་རྗེས་ལ་ཅུང་ཙམ་བསྔགས་པ་སིལ་ལོ་གཤང་གི་རང་སྒྲ་བསྐལ་པའི་མུན་པ་གཞོམ་པའི་འོད་ཆེན་གཤེན་བསྟན་ཡུན་དུ་གནས་པའི་རྒྱལ་མཚན་ཞེས་བྱ་བ་བཞུགས།།
སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན།
བླ་ཆེན་དྲན་པའི་ཐུགས་དམ་གཤིས་ལ་རྫོགས།།
དམ་པ་རང་གྲོལ་ཟབ་གདམས་ལྷུར་དུ་བླངས།།
ཤར་པ་རྣལ་འབྱོར་གྲུབ་རྩལ་རྟགས་སུ་བྱིན།།
འཇའ་ཚོན་སྙིང་པོའི་དགོངས་པ་ཀློང་དུ་བརྡོལ།།
གསང་སྔགས་གླིང་པའི་གསང་ཡུམ་ཕྱག་རྒྱ་ཆེ།།
དབང་གི་སྒྲོན་མ་མི་ཡི་གར་དུ་རོལ།།
ཧུྃ་ཆེན་བླ་མའི་ཟབ་གཏེར་རྗེས་སུ་འཛིན།།
རིཊ་སྲས་གཏེར་སྟོན་མཁའ་སྤྱོད་དབང་མོ་མཁྱེན།།
དུས་རབས་ཉེར་གཅིག་བསྐལ་པའི་ཁུག་སོ་ན།།
བོན་བསྟན་ཆཊ་འཇིག་བསྐལ་པའི་རླུང་ཆེན་ཁྲོད།།
གཏེར་སྲུང་ལྷ་མོའི་སྡོང་གྲོགས་བྱོན་ནོ་སྐད།།
དཀོར་གྱི་བདག་པོའི་ཉེར་འཚེའི་བྱ་ར་བྱས།།
རིཊ་སྲས་དབང་མའི་སྐུ་སྲོག་དམར་ལས་གདམས།།
དབལ་ཁྱུང་ལྷ་སྡེའི་དམ་ཚིགས་མིག་ལྟར་བརྩིས།།
སྦས་གནས་ཤང་ལང་བྲག་དཀར་ལྟེ་བ་རུ།།
གཡུང་དྲུང་བོན་ཞེས་ཐ་སྙད་ཆགས་པའི་གཞི།།
རྒྱལ་བའི་བཀའ་འགྱུར་ཆེན་མོ་གཏེར་དུ་སྦས།།
མི་ལོ་ཉི་ཤུ་ཡན་མན་གཏེར་དུ་གཟིམས།།
ཆོས་དད་རང་མོས་ཉི་མ་འཆར་བའི་སྐབས།།
མཁའ་སྤྱོད་དབང་མོའི་ཟབ་མོའི་གཏེར་དུ་དྲངས།།
འབྱུང་ལྔའི་ཉེར་འཚེ་གང་ཡང་མ་ཕོག་པར།།
ཡ་མཚན་ལེགས་པའི་མཚན་མ་རྟེན་འབྱུང་དུ།།
སྔོན་མའི་གནའ་དཔེ་ཇི་ལྟར་བསྒོ་སྐལ་བླངས།།
པོད་ཆེན་བརྒྱ་དང་དོན་བརྒྱད་གྲངས་སུ་འཛིན།།
འཛམ་གླིང་ཞིང་དུ་བོན་བསྟན་དར་བའི་རྒྱུ།།
མཁའ་འགྲོ་ཁྱེད་ཀྱི་བྱིན་ལས་འཕོས་པ་འདི།།
བསམ་དཔྱོད་ཤེས་ན་རྣམ་དཀར་དེ་ལྷག་གང་།།
འགྲོ་བའི་མུན་པ་སེལ་བའི་ལྷོ་གླིང་དེར།།
གཤེན་བསྟན་ཡང་དར་སྒྲོན་མེ་ཁྱེད་ཀྱི་སྤར།།
མདོ་འབུམ་སྔཊ་སེམས་རྟེན་འབྲེལ་སྒོ་བཞིའི་ནང་།།
ཀ་དག་རྫོགས་ཆེན་མཛུབས་ཚུབ་སྟོན་ས་ཞིག།།
གསང་ཆེན་སྔགས་ཀྱི་རྒྱུད་སྡེ་འཁྱིལ་ནས་ཡོད།།
འདུལ་བ་མདོ་ཡི་བཅའ་གཞི་ཟབ་མོ་གཟེར་།།
གནའ་རབས་རིག་པའི་གཞུང་ལུགས་རྙིང་ཤ་དོད།།
བཟོ་རིག་གསལ་བའི་པ་ཏྲའི་རི་མོ་བཀྲ།།
གསོ་རིག་འབུམ་གྱི་མན་ངག་སྡོང་པོ་འཕྱངས།།
ཕྱི་རིག་སྣོད་བཅུད་སྦྲོམ་བུ་འདི་ན་གསལ།།
སྒྲ་ཚད་གཉིས་ཀྱི་འདུས་མདོ་འདི་ན་ཆགས།།
མངོན་པའི་རིག་གཞུང་མཐོ་བའི་བ་གམ་བརྩེཊ།།
ཐེག་པ་རིམ་དགུའི་སྤྱི་སྤུངས་ཨེ་མ་ཧོ།།
སྒོ་བཞི་མཛོད་ལྔའི་བཀའ་ཆེན་འདི་སྨར་རོ།།
ཕྱི་ནང་གསང་གསུམ་ས་ལེ་འདི་ན་སྒྲོམ།།
དེ་ཕྱིར་བོན་གྱི་བཀའ་འགྱུར་རིན་པོ་ཆེས།།
བཞུཊ་པའི་འགྲོ་དོན་རླབས་ཆེན་འབྱུང་གྱུར་ཅིག
སེམས་ཅན་འགྲོ་བའི་མུན་སྨག་གཞོམས་དུ་གསོལ།།
འཛམ་གླིང་འཁྲུཊ་རྩོད་ཐམས་ཅད་ཞི་མཛོད་ཅིག
གངས་ཅན་འགྲོ་ལ་འཚེ་མེད་ཐར་པའི་ལམ།།
གསལ་བའི་སྟོན་པའི་དཀའ་དྲིན་ཅིས་མི་དྲན།།
དེ་ལྟ་ན་ཡང་མཁའ་སྤྱོད་དབང་མོ་མཁྱེན།།
ཁྱེད་ཀྱི་བཀའ་དྲིན་བསམ་ནས་སྨོན་པ་འཆོར།།
ཁྱེད་ཀྱི་མཛད་རྗེེས་བསམ་བཞིན་གུས་ཕྱག་ཕུལ།།
ཁྱེད་ཀྱི་འཕྲིན་ལས་བསམ་བཞིན་དད་འདུན་འཕེལ།
ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་དགོངས་རྟོགས་མཐའ།།
སྨྲ་བའི་སྤོབས་པ་ལྗགས་བརྒྱ་མ་ལྡན་ཡང་།།
མཛད་རྗེས་བརྗེད་པར་དཀའ་བའི་རྟོཊ་བརྗོད་འདི།།
ལྷོ་གླིང་འཛམ་བུ་དབུས་སུ་བཞགས་པ་ཡིས།།
བསོད་ནམས་ཚོཊ་ཆེན་བསྐྲུན་པའི་ཀུན་སློང་ཀྱིས།།
ལྡོག་མེད་གཤེན་ལ་དད་པའི་འདུན་པ་ཡིས།།
བསོད་ནམས་ཚོཊ་ཆེན་བསཊ་པའི་མཆོད་སྤྲིན་དུ།།
རྒྱལ་བསྟན་མི་ནུབ་རྒྱལ་མཚན་རྟག་འཆར་བའི།།
སྨོན་པའི་ཡིད་ཀྱི་རླབས་ཕྲེང་འཕྱུར་བ་ལས།།
བསྟན་འགྲོའི་དོན་ཆེན་ཀློང་དུ་ཨ་ལ་ལ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།