བདག་གི་ལྷ་ཆེན་གཟིམ་རྗེས།

[ཟླ་ཚེས། 2020-06-04 22:10:58][རྩོམ་པ་པོ། གངས་རིག་གཏེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   དེ་རིང་ང་ལ་དབང་མེད་ཀྱི་མིག་ཆུ་བཞུར་ཡོང་།   དེ་ནི་མི་ལོ་དྲུག་གི་ཡར་སྔོན་,  འབྱུང་ལྡན་སུམ་བརྒྱ་དང་གཅིག་གི་ནང་།  བོད་རབ་བྱུང་བཅུ་བདུན་པའི་ཆུ་མོ་སྦྲུལ་གྱི་ལོ།    སྤྱི་ལོ་༢༠༡༣ལོའི་ཟླ་༡༡པའི་༢༢ཉིན་གྱི་དགོང་མོའི་དུས་ཚོད་དགུའི་ཐོག་ལ།   ཀྱཻ་་་བདག་གི་ལྷ་ཆེན་གཟིམས་སོང་།,      དེའི་སྤྱི་ཟླ་༡༡པའི་ཚེས་༢༥ཕྱི་དྲོ་སྟེ་ང་རང་རྒྱལ་ཁང་ཐོད་ནས་སྐྱིད་སྡུག་མཉམ་བསྐྱོད་ཀྱི་དགེ་སྤུན་དེ་དག་དང་མཉམ་དུ་ང་རྒྱལ་ཁྱོད་ཕམ་གྱི་རྩེད་མོ་རྩེས་ནས་ངས་འདུ་ཁང་མཐོང་དུས་འདུ་ཁང་གི་གསེར་ཏོག་དེ་དག་རས་ཀྱིས་གཡོག་བཞིན་འདུག  ངའི་སེམས་སུ་ཚ་ལམ་ལམ་གྱི་ཚོར་སྣང་ཞིག་བྱུང་།  ཡིན་ཡང་ཁ་ཕྱོགས་རྩེད་མོར་རྩེ་བར་འཁོར་ནས་དོན་ཆེན་ཅི་ཞིག་ཡིན་པ་དང་རྒྱུ་མཚན་ཅི་ཞིག་ཡིན་པ་ངས་བསམ་བློ་བཏང་མ་སོང་།  ཕྱིར་རང་ཤག་དུ་འགྲོ་བའི་དུས་ཚོད་མ་ཟིན་པར་སློབ་དཔོན་སླེབས་ནས་ཕྱིར་ཤག་ལ་འགྲོ་ཞེས་བཤད་།   དེའི་སྐབས་ཐོག་ལ་ཕྱིར་ཤག་ལ་འགྲོ་བ་ནི་ངའི་སེམས་རྩ་བ་ནས་འཐད་མ་སོང་།  འགྲོ་བའི་དུས་ཚོད་མ་ཟིན་ཡང་སློབ་དཔོན་གྱིས་ཕྱིར་ཤག་ལ་འགྲོ་ཟེར་བས།   ངའི་སེམས་སུ་སློབ་དཔོན་ཁ་བཤད་དོན་ལ་མི་གནས་པར་སེམས་པས་ལྐོག་འཛིང་མང་པོ་མང་པོ་བྱས།  ཕྱིར་ཤག་ལ་ཐོན་དུས་ཁྱིམ་ལ་འགྲོ་མི་དགོས་ཞེས་བཤད་དེ།  ཅང་མ་འགོར་བར་མཁར་བརྡ་ལྷང་ལྷང་དུ་གྲགས་བྱུང་།    དེ་ནས་ང་ཚོ་འདུ་ཁང་གི་ཉེ་འདབས་སུ་ལོག་དུས་གྲྭ་བ་ཡོད་ཚད་ཡར་འགྲོ་བཞིན་འདུག་ལ་དེ་ནས་ང་ཚོ་ཡང་ཡར་སོང་བ་ཡིན་སོངསོང་་གི་མཐའ་མར་རྒྱལ་ཚབ་བླ་བྲང་ལ་འཕྲད་སོང་།   གྲྭ་བ་རེ་རེས་རེ་རེར་བཤད་བཞིན་འདུག་ནང་ཚོགས་རྗེས་ངོ་གདོང་འཛུམ་གྱིས་གང་མཁན་གྱི་གྲྭ་བ་གཅིག་ཀྱང་མི་འདུག     ང་ཡིས་མ་ཤེས།   གྲྭ་ཕྲུག་ཚོས་ལག་གི་འབར་ཞུན་དག་བླངས་ནས་ང་རྒྱལ་ཁྱོད་ཕམ་གྱི་རྩེད་མོ་དག་རྩེས།    གླིང་ལྕགས་རི་གང་གི་བདག་པོ་ཚོགས་ཆེན་ཞལ་ངོས་མིག་མཐའ་མཆུ་མའི་གང་ནས་ངུ་མ་འཚོལ་གྱི་ངང་སྐྱབས་འཇུག་ཞུས།      དེ་ནས་ཡོད་ཚད་ངུ་ངག་ཤོར་ནས་ཞལ་ངོའི་སྐྱབས་འཇུག་གོ་མ་སོང་།   ངས་དོན་དག་ཅི་ཞིག་བྱུང་བ་ཡིན་པ་ཤེས་མེད།   ཕྱིར་ཤག་དུ་ཐོན་དུས།    ང་ཚོར་་ཇ་བསྐོལ་ཞེས་བཤད།      དེ་ནས་དགེ་སྤུན་དག་གིས་ཁ་ནས་རྒྱལ་བའི་རྒྱབ་ཚབ་བསྟན་འཛིན་དབང་རྒྱལ་སྐུ་མྱ་ངན་ལས་འདས་སོང་ཟེར་བཞིན་འདུག    ངའི་དགེ་སྤུན་ཆེ་བ་དག་གིས་དགེན་ལ་ཡར་ཞུ་བྱས་ནས་བརྐྱངས་ཕྱག་གི་སྐོར་བ་འགྲོ་ན་ཨེ་ཆོག་ཟེར་ཞེས་ཞུས།  དགེན་གྱིས་ཆོག་གསུངས།   དེ་རིང་ངའི་འདི་ལྟར་བསམ་བློ་ཞིག་བཏང་ན་ཡང་འཕྱི་སོང་བ་ཞིག་རེད།  ཡིན་ཡང་ང་ལ་བརྗོད་འདོད་ཀྱི་ཀུན་སློང་ཞིག་བྱུང་།   དེ་རིང་ངའི་མིག་ཆུ་བཞུར་ནས་སྐད་ཆ་འདི་བཤད་པ་ནི་རང་ཉིད་ཀྱིས་ཀུན་སློང་གི་རེ་བ་ཙམ་སྒྲུབ་པ་ལས་གཞན་ཅི་ཡང་མིན།   ད་ལྟ་ལྷ་ཆེན་དྲན་བྱུང་།   ད་ལྟ་ལྷ་ཆེན་ལགས་ཁྱེད་རང་ཡོད་ན་ཅི་མ་རུང་།   ད་ལྟ་ངོ་མ་ང་དང་ཉམས་ཐག་གི་མི་སྡེ་ཡང་ན་ས་འདིར་ཆགས་པའི་སྐྱེས་དགུ་དག་གིས་ལྷ་ཆེན་པོ་ཁྱེད་རང་དྲན་གྱིན་འདུག    ངས་ལྷ་ཆེན་ལགས་ངོ་མ་ཁྱེད་རང་ཡོད་ན་ཞིག་འདོད།  ཚ་བུ་ངས་ཁྱེད་རང་ངོ་མ་དྲན་བྱུང་།   ཁྱེད་རང་གཟིམས་པའི་ལོ་ཟླ་དེ་དག་ནས་འཇིག་རྟེན་འདི་ལ་ངུ་འབོད་ཀྱིས་འགེངས་ཤིང་།  ང་ཚོའི་སའི་རི་ལུང་མདོ་གསུམ་ནས་ཁྱེད་ཉིད་བཟོད་མེད་དུ་དྲན་གྱིན་ལྷ་ཆེན་པོ་ཁྱེད་རང་མོལ།    ས་གང་ནས་ཡང་ཁྱེད་ཉིད་མཐོང་མ་སོང་བདག་གི་ལྷ་ཆེན་ལགས།   ཁྱེད་ཀྱིས་ང་ཚོའི་དོན་དུ་འོ་བརྒྱལ་མང་པོ་མྱངས་སོང་ལྷ་ཆེན་ལགས།    ཀྱཻ་་་ལྷ་ཆེན་ལགས་ཁྱེད་ཀྱི་ལྷག་བསམ་ཟད་མེད་ཀྱིས་ང་ཚོར་བཞག་པའི་དྲན་ཤིང་དེ་དག་མཐོང་ན་དབང་མེད་དུ་ལྷ་ཆེན་གླེང་བམ་སྤྲོ་ཞིང་ཁྱེད་ཉིད་དྲན་པའི་མིག་ཆུ་ཡང་དབང་མེད་དུ་བཞུར་ཡོང་བ་མ་ཟད།  དང་ཐོག་ང་རང་ཚོགས་ལ་སླེབས་པའི་ཉིན་མོ་དེ་དྲན་ཡོང་།   དེ་དུས་ང་རང་ལོ་ལྔ་རེད།  ཉིན་དེ་དུས་མཆོད་སྨོན་ལམ་ཆེན་མོའི་ཚེས་ལྔ་སྟེ་རྒྱལ་བ་གཉིས་པ་རྗེ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་དང་ལྷ་ཆེན་ཁྱེད་ཀྱི་གྱ་སྟོན་རོལ་བའི་དུས་བཟང་བའི་ཉིན་དེར་ཞོགས་པའི་སྐྱ་རེངས་དང་མཉམ་དུ་ཁྱེད་ཀྱིས་ང་ལ་གྲྭ་གོས་བཀབ་བཞིན་ང་ལ་དྲིས་ནས་གང་གི་གྲྭ་བ་ཡིན་ཟེར།       ང་ཡིས་དཔའ་དགོན་པ་ཡིན་ཞེས་བཤད།  དེ་ནས་ཁྱེད་ཀྱིས་ང་རང་ཚོགས་ལ་ཁྲིད་སོང་།   དོན་དུ་དཔའ་དགོན་པ་ཟེར་བ་ཞིག་ང་ཡིས་མ་ཤེས་ཡིན་ཡང་ཁ་ནས་དེ་ལྟར་ཤོར་སོང་།  ཀྱཻ་་་ལྷ་ཆེན་ལགས་ཁྱེད་རང་དྲན་པ་ཉིན་གཅིག་གཉིས་དང་ཟླ་གཅིག་གཉིས་ཞིག་ག་ལ་ཡིན།   ཟླ་ལོ་ཞག་མང་པོ་འགོར་སོང་བའི་དེ་རིང་ཁྱེད་ཉིད་ལྷག་དུ་དྲན་བྱུང་ལྷ་ཆེན་ལགས།   ང་ཚོའི་མི་བཟོད་པའི་དྲན་གདུང་འདི་སུས་རྟོགས་སྲིད་ལྷ་ཆེན་ལགས།   ཁྱེད་ནི་འཛམ་གླིང་གི་འོད་ཁྱིམ་ཡིན།    འོད་ཁྱིམ་མེད་པའི་ལོ་འདི་དག་གི་རང་ལ་མུན་པར་གསལ་བྱེད་མེད་པའི་མུན་པའི་ནང་དུ་སོང་བ་དང་འདྲ་བོ་རེད་ལྷ་ཆེན་ལགས། རྒྱལ་ཚབ་ཡིད་བཞིན་ནོར་བུ་སྤྱི་གཙུག་ལ་བཞེངས་བའི་ལྷ་ཆེན་ལགས།  བརྡ་འཕྲིན་གྱི་རྦ་རླབས་དྲག་དུ་འཁྱིལ་བའི་དུས་འདིར་ལྷ་ཆེན་ཁྱེད་རང་དྲན་བྱུང་།   དོན་ངོ་མ་ལྷ་ཆེན་གྱིས་འཕྲིན་འདི་མཐོང་ན་ཅི་མ་རུང་སྙམ། གལ་ཏེ་ཁྱེད་ཀྱིས་འདི་མཐོང་སོང་བ་ཡིན་ན།  ངའི་རྨི་ལམ་གྱིས་ཞིང་ཁམས་སུ་ཁྱེད་རང་ཕེབས་རོགས།  འདིར་མ་བརྗོད་པའི་སྐད་ཆ་གང་མང་ཞིག་ལྷ་ཆེན་ཁྱེད་ལ་ཞུས་ན་ཧ་ཅང་འདོད་གི  ཅང་མི་ཤེས་ལ་ཅང་མི་རྟོགས་པའི།   ན་གཞོན་རྒྱུད་ལུག་ངས་ཁྱེད་རང་དྲན་ཞོར་དུ་ངུ་འབོད་ཀྱིས་འགེང་བཞིན།  གྲལ་མཐའ་ཞིག་ནས་བྲིས་སོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།