དབྲ་སྤྲུལ་རིན་པོ་ཆེའི་རྟེན་འབྲེལ་འཚམས་འཕྲིན།

[ཟླ་ཚེས། 2018-01-06 09:36:48][རྩོམ་པ་པོ། དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1515203074294466.jpeg

1515203074112928.jpeg

༈  སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་མཆོག་ལ་སྒོ་གསུམ་གུས་ཕྱག་བཅས་སྔོན་དུ་བཏང་ནས་ཞུ་གསོལ།

   རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རྩེ་མོ་མེའི་གྲངས་ཀྱི་འགྲོ་དོན་རེ་ཞིག་མཇུག་བསྡུས་པ་དང་སྐབས་བབས་ཀྱི་བསྟན་འགྲོའི་དོན་ཆེན་འཕྲིན་ལས་རྒྱ་མཚོའི་མཛོད་ལ་མངའ་དབང་བསྒྱུར་བའི ༧ གཤེན་བསྟན་ལུང་རྟོགས་ཟླ་བ་དར་རྒྱས་དཔལ་བཟང་པོ་མཆོག་གི་ཞབས་ཟུང་གསེར་གྱི་ཁྲི་འཕང་དགུ་བརྩེགས་ལ་ཡུན་དུ་བརྟན་པ་དང་།   གསུང་དབྱངས་ལུས་ཅན་ཡོངས་ལ་ཕན་བདེའི་གསོས་སུ་གྱུར་ཅིང་ཐུགས་ཉིད་གཡོ་མེད་བདེ་ཆེན་ངང་ལ་བསྐལ་བརྒྱའི་བར་དུ་བཞུགས་པའི་སྨོན་ཚིག་དང་བཅས།

༧ མདོ་སྨད་དབྲ་ཁྱུང་དཀར་པོའི་གདན་ས་དཔལ་གཤེན་བསྟན་སྟེང་ཆེན་མདོ་སྔགས་བསྟན་རྒྱས་གླིང་གི་བསྟན་སྲིད་སྐྱོང་བའི་ཁུལ་བླངས་པ༧དབྲ་བའི་སྤྲུལ་མིང་བ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་ནས་ལས་དོན་ཞིག་གི་བར་གསེང་དུ་དགའ་དད་སྤྲོ་གསུམ་དང་བཅས་ཁྲིན་ཏུའུ་སྤོས་ལྡན་གྲོང་ནས་འཕྲལ་བྲིས་བྱས་ཏེ་ཕུལ།  

༢༠༡༨   ༡   ༥ ཉིན།

1515203074757789.jpeg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།