གོང་ས་སྨན་རི་བ།

[ཟླ་ཚེས། 2017-09-27 10:12:37][རྩོམ་པ་པོ། འཕན་འོ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506478406860248.jpg

གྱེར་བསྟན་འདེགས་པའི་གདུགས་མཆོག་ཡིན།།

མཁྱེན་དཔྱོད་ཉི་མའི་འོད་ཁྱིམ་ཡིན།།

ཐུགས་དཀྱིལ་མུ་མེད་ནམ་མཁའ་ཡིན།།

ཀུན་ཕན་གསེར་གྱི་ས་གཞི་ཡིན།།

ལྷག་བསམ་ཟླ་བའི་རང་མདངས་ཡིན།། 

མཐུན་སྒྲིལ་འགྱུར་མེད་ཨ་ལོང་ཡིན།།

ཞི་བདེ་རྒྱལ་སྲས་ལག་ལེན་ཡིན།།



མཛད་འཕྲིན་འཁོར་ལོ་སྒྱུར་རྒྱལ་ཡིན།།

དགོས་འདོད་འབྱུང་བའི་ནོར་བུ་ཡིན།།

གང་བསམ་དུས་ཐོག་ཆར་བ་ཡིན།།

ཐར་བའི་སྒོ་འབྱེད་ལྡེ་མིག་ཡིན།།

ཕྱི་ནང་གསང་བའི་མངའ་མཛོད་ཡིིན།།

སྒོ་བཞི་མཛོད་ལྔའི་ཕ་མཁར་ཡིན།།

ཐེག་དགུ་བོན་གྱི་གཏེར་བདག་ཡིན།།



ལུང་རིག་སྨྲ་བའི་གློག་ལྕེ་ཡིན།།

མན་ངག་བདུད་རྩིའི་འབྱུང་གནས་ཡིན།།

དབང་ལུང་སྣོད་ཀྱི་དཔོན་གསས་ཡིན།།

འཆད་རྩོད་རྩོམ་པའི་མངའ་དབང་ཡིན།།

ཐོས་བསམ་སྒོམ་པའི་རྒྱལ་མཚན་ཡིན།།

སྲིད་པ་འདི་ཡི་སྒྲོན་མེ་ཡིན།།

བསྐལ་བ་འདི་ཡི་འདྲེན་པ་ཡིན།།



ལྷ་མི་ཡོངས་ཀྱི་གཙུག་རྒྱན་ཡིན།།

རྒྱལ་བ་གཉིས་པའི་ཁྲི་འཛིན་ཡིན།

བོན་འབངས་ཡོངས་ཀྱི་མཆོད་སྡོང་ཡིན།།

ཉམ་ཐག་འགྲོ་བའི་དེད་དཔོན་ཡིན།།

དྭ་ཕྲུག་བྱེ་བའི་ཕ་མ་ཡིན།།

འདི་ཕྱི་བར་མའི་སྐྱབས་གནས་ཡིན།།

ཚེ་རབས་ལས་ཀྱི་ལྷ་སྐལ་ཡིན།།



དུས་དང་བསྟུན་པའི་སྟོན་པ་ཡིན།།

ཚད་མེད་བཞི་ལྡན་སེམས་དཔའ་ཡིན།།

ཚེ་ལ་དབང་ཐོབ་རིག་འཛིན་ཡིན།།

སེམས་ཉིད་རིག་པ་རང་ཤར་ཡིན།།

གཉུག་མའི་ཀློང་གྱུར་རྟོགས་ལྡན་ཡིན།།

བྱ་རྩོལ་བྲལ་བའི་རྣལ་འབྱོར་ཡིན།།

སྟོབས་བཅུ་མངའ་བའི་སངས་རྒྱས་ཡིན།།


རྒྱ་གསུམ་རལ་བའི་ཁྱུང་ཆེན་ཡིན།།

རྩལ་གསུམ་རྫོགས་པའི་སེང་ཕྲུག་ཡིན།།

སྐུ་གསུམ་ཀུན་འདུས་བླ་མ་ཡིན།།

ཁམས་གསུམ་འགྲོ་བའི་སྐྱབས་མགོན་ཡིན།།

ཡེ་གྲོལ་ཐིག་ལེ་ཉག་གཅིག་ཡིན།།

མྱང་འདས་སྒྱུ་མའི་དཔེ་སྟོན་ཡིན།།

ཞིང་གཤེགས་འཕྲིན་ལས་མཐར་ཕྱིན་ཡིན།།


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།