མཁར་སྣའི་དྲང་སྲོང་མཆོག་གི་ཐུགས་གསོའི་འཚམས་འཕྲིན།

[ཟླ་ཚེས། 2019-08-04 20:25:24][རྩོམ་པ་པོ། དྲང་སྲོང་ཤེས་རབ་སྨོན་ལམ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༸ གདན་ས་དཔལ་ལྡན་མཁར་སྣའི་གླིང་གི་དབུ་བླ་དྲང་སྲོང་ཤེས་རབ་སྨོན་ལམ་རིན་པོ་ཆེ་མཆོག་གིས་ཕུལ་བའི་ཐུགས་གསོའི་འཚམས་འཕྲིན།
   ཉེ་ལམ་སྤྱི་ལོ་༢༠༡༩ ལོའི་སྤྱི་ཟླ་ ༧ ཚེས་༢༤ ཉིན་སྟེ། བོད་ས་ཕག་ལོའི་བོད་ཟླ་ལྔ་པའི་ཚེས་༢༢ཉིན་གྱི་ཐོ་རངས་ཆུ་ཚོད་གཉིས་པའི་ཐོག་ ༸ ཁམས་རྒྱལ་ཤོད་གསའ་མདའ་བོན་དགོན་མི་གཡོ་བསམ་གཏན་གླིང་གི་ཁྲི་རབས་བཅུ་གཉིས་པ་༸སྐྱབས་རྗེ་ཞུ་གཡས་མཆོག་སྤྲུལ་ཉི་ཟླ་ཚེ་དབང་རིན་པོ་ཆེ་མཆོག་སྐུའི་དགུང་གྲངས་གྱ་དྲུག་ཐོག་གནའ་གྲོང་ལྷ་ལྡན་ཞིང་གི་གཟིམ་ཁང་གཡུང་དྲུང་དགའ་ཚལ་ནང་དུ་དགོངས་པ་བོན་དབྱིངས་སུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་ཕྲལ།
   འདི་ག་ ༸གདན་ས་གཡས་རུ་མཁར་སྣའི་གླིང་གི་ཤེས་རབ་སྨོན་ལམ་ང་རང་ངོས་ནས་ཀྱང་བློ་ཕམ་ཆེན་པོ་བྱུང་བར་མ་ཟད།   བོན་འབངས་སྤྱི་དང་ཁྱད་པར་རྒྱལ་ཤོད་བོན་འབངས་ཡོངས་ལ་བློ་ཕམ་ཚད་མེད་བྱུང་བའི་གནས་སུ་གྱུར།    འདི་ནས་ ༸སྐྱབས་རྗེ་ཞིང་གཤེགས་དམ་པ་གང་གི་ཐུགས་དགོངས་ཡོངས་སུ་རྫོགས་ཕྱིར་དང་། ཤུལ་ལུས་རྗེས་འཇུག་བོན་འབངས་རྣམས་ལ་ཐུགས་གསོ་མཚོན་ཕྱིར།  འདི་ཟླའི་གནམ་གང་ཉིན་མོར་ངོས་ནས་སྦྱིན་བདག་ཞུས་ཤིང་འདི་ག་༸གཡས་རུ་མཁར་སྣའི་གླིང་གི་ཚོགས་ཆེན་འདུ་ཁང་དུ་ ༸རྒྱལ་བའི་བཀའ་དྲི་མ་མེད་པ་བདེར་གཤེགས་སྨོན་ལམ་མཐའ་ཡས་ཀྱི་ཆོ་ག་ཉིན་ཚོགས་འཚོགས་གནང་སྟེ་སྐུ་འགྱེད་དང་མང་ཇ་མཆོད་འབུལ་ཞུས།   ༸སྐྱབས་རྗེ་ཞིང་གཤེགས་དམ་པ་མཆོག་ཉིད་ཀྱིས་སྐུ་ཚེ་ཧྲིལ་བོར་བསྟན་འགྲོའི་མགོན་དུ་མཛད་བཟང་རླབས་པོ་ཆེའི་རྒྱུན་བསྐྱངས་བར་བཀའ་དྲིན་སྙིང་ནས་རྗེས་དྲན་ཞུ་བ་དང་།   སླར་ཡང་བསྟན་འགྲོ་སྤྱི་དང་ཁྱད་པར་རྒྱལ་ཤོད་བོན་འབངས་ཡོངས་ཀྱི་སྐྱབས་མགོན་དུ་མཆོག་སྤྲུལ་ཉི་གཞོན་གསར་བ་མྱུར་དུ་འབྱོན་པའི་གསོལ་འདེབས་སྨོན་ལམ་ཞུ།
      ༸ གདན་ས་དཔལ་ལྡན་མཁར་སྣའི་གླིང་གི་བསྟན་པའི་འགན་འཛིན་པ་དྲང་སྲོང་ཤེས་རབ་སྨོན་ལམ་ནས།
             སྤྱི་ལོ་༢༠༡༩ ལོའི་སྤྱི་ཟླ་༨ ཚེས་༣ཉིན་ཕུལ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།