༢༠༡༧ལོའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོས་ཆོད།

[ཟླ་ཚེས། 2018-03-24 22:33:11][རྩོམ་པ་པོ། གཞུང་ལས་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་
ཐེ་བོ་གཙོ་ཚང་དགོན་དུ་འཚོགས་སྐབས་ཀྱི་གྲོས་ཆོད།

1521902697887358.jpg1521902697593365.jpg

   ༡༽ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་གི་སྒྲུབ་ཁང་བླ་མ་ནི་ཚོགས་གཞོན་ཉེར་གསུམ་ནང་ནས་འགོ་ནས་རིམ་བཞིན་ཟླ་བ་གཅིག་ལྷག་ཙམ་འགན་ཁུར་རྒྱུ། གལ་སྲིད་རང་ཉིད་ཡོང་མ་ཐུབ་ན་སྐུ་ཚབ་འོས་མི་དེ་འགན་ཆ་ཚང་ཁུར་ཐུབ་མཁན་ཞིག་དགོས་རྒྱུ། ལྷག་པར་དུ་སྒྲུབ་ཁང་བླ་མའི་ལས་འགན་སྒྲིག་ཡིག་ལྟར་བསྒྲུབ་དགོས་རྒྱུ།

༢༽ མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་གི་འགན་འཛིན་པ་དྲུང་ཡིག་རྒན་གཞོན་གཉིས་ཀྱིས་འགན་ཁུར་རྒྱུ་ཚོགས་མི་ཚང་མས་འབོད་སྐུལ་དང་རེ་བ་ནན་བསྐུལ་ལྟར་ཁས་ལེན་བྱུང་།༼དུས་ཡུན་ནི་བཀའ་འགྱུར་ལས་དོན་སྒྲུབ་མ་ཚར་བར།༽སྤྲུལ་པད་མ་རིན་ཆེན་ནས་གཞུང་ལས་ཁང་གི་ཀྲུའུ་རེན་གཉིས་ལ་དཔལ་འབྱོར་ཐད་རྒྱབ་སྐྱོར་གནང་རྒྱུ་དང་། སྔགས་འཆང་བསོད་ནམས་ཚེ་རིང་ནས་ལོ་རེ་ལ་འགྲོ་སོང་སྒོར་ཁྲི་རེ་རོགས་སྦྱོར་གནང་རྒྱུ། གཞན་བླ་སྤྲུལ་བསྟན་སྦྱིན་སོགས་ནས་རྒྱབ་སྐྱོར་གང་ཐུབ་གནང་རྒྱུ།

༣༽ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་བཞིན་པའི་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་བོན་གྱི་བཀའ་འགྱུར་སྒྲིག་ཞུའི་མ་ཕྱིའི་དཔེ་རྙིང་འཚོལ་བསྡུ་ཚན་ཆུང་། ཚན་གཙོ། ཚོགས་གཞོན་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། དྲུང་ཡིག་པ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ། རྒྱུན་ལས་ལས་འཛིན་པ། སྤྲུལ་བསྟན་འཛིན་རྣམ་རྒྱལ། སྤྲུལ་རིག་སྔགས་རྒྱ་མཚོ། བླ་མ་ཚེ་དབང་དངོས་གྲུབ།༼མ་ཕྱི་འཚོལ་བསྡུའི་གཞི་རྩ་རྒྱལ་རོང་ཁྲོ་སྐྱབས་དཔར་མའི་སྐོར་དང་། ཨ་གཡུང་པར་མ། བོན་བློན་པར་མ་རྣམས་གཙོས་གཞན་མ་ཕྱི་དཔེ་རྙིང་འཚོལ་བསྡུ་གང་ཐུབ་གནང་རྒྱུ།༽

༤༽ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དགེ་ལས་རོགས་དངུལ་དོ་དམ་འགན་འཛིན་ཚན་ཆུང་། ཚན་གཙོ། ཚོགས་གཞོན་ལི་ཤུ་གཤེན་རྒྱལ་བསྟན་འཛིན། ཚན་གཙོ་གཞོན་པ། སྤྲུལ་སྐུ་འཆི་མེད་གཡུང་དྲུང་།

༥༽ མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་མི་སྣ་ཁ་སྣོན་བྱ་རྒྱུ་ཐད། རྒྱུན་ལས་ལས་འཛིན་པ་ཁ་སྣོན། སི་ཁྲོན་ཉང་སྲམ་ཁུལ་མན་ལིང་རྫོང་གཤེན་བསྟན་མི་ནུབ་དགོན་པའི་འགན་ཁུར་བ་ཀུན་དགའ་བསྟན་འཛིན། ལྷ་སའི་ཁྲིམས་རྩོད་པ་ལྷ་མོ། སྟོད་པོ་ཕྱོགས་ཀྱི་ལས་དོན་འགན་ཁུར་བ་དགེ་བཤེས་ཁ་དྲག་བཙན་དབང་། དཀར་མཛེས་རྟའུ་རྫོང་སྤྲུལ་བསྟན་འཛིན་རྣམ་རྒྱལ། དཀར་མཛེས་རྟའུ་རྫོང་སྤྲུལ་རིག་སྔགས་རྒྱ་མཚོ། གཞིས་རྩེ་ས་ཁུལ་རྒྱལ་རྩེ་རྫོང་ཞུ་རི་ཞིང་དགོན་པའི་བླ་མ་སྨོན་ལམ་དབང་རྒྱལ་བཅས་ཁ་སྣོན་བྱས།

༦༽ ཚོགས་འདུ་བཀོད་སྒྲིག་བྱ་བའི་འགན་འཛིན་ཚན་ཆུང་། དྲུང་ཡིག་རྒན་གཞོན་གཙོ་འགན་འོག་དྲུང་ཡིག་པ་རྣམས་ཀྱིས་འགན་འཛིན་གནང་རྒྱུ།

༧༽ ཚོགས་འདུའི་གསར་འགྱུར་འགན་འཛིན་ཚན་ཆུང་། གངས་ལྗོངས་བོན་དྲ་བའི་རྩོམ་སྒྲིག་ཚན་ཆུང་། རྒྱུན་ལས་ལས་འཛིན་པ། ཁྲི་བསོད་བསྟན། དགེ་བཤེས་ཁ་དྲག་བཙན་དབང་།༼དེ་ཡང་གནས་ཚུལ་ཁྱབ་སྤེལ། བཅར་འདྲི། པར་ལེན། བརྙན་བསྒྱུར་སོགས་ཀྱི་འགན་འཛིན་རྒྱུ།༽

༨༽ ༢༠༡༩ལོའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་མདོ་སྨད་རྔ་བ་ཁུལ་ཟིང་ཆུ་རྫོང་རིན་སྤུངས་དགོན་དུ་འཚོགས་རྒྱུ། ༢༠༢༠ལོའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བ་མཚོ་སྔོན་དུང་དཀར་དགོན་དུ་འཚོགས་རྒྱུ།

 གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།